- ནིའུ་སོ་ཐི་ཝལ་མངའ་སྡེས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་འགྲུལ་པ་རྣམས་ཕྱི་ཟླ་ ༡༡ ཚེས་ ༡ ནས་ཟུར་བཀག་དུ་སྡོད་མི་དགོས་པ་བཟོ་འཆར།
- ཝི་ཊོ་རི་ཡས་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་མི་རྣམས་ལ་ས་མཚམས་སྒོ་ཕྱེས་པ།
- ནིའུ་སའོ་ཐི་ཝལ་མངའ་སྡེས་མངའ་སྡེ་ནང་ཁུལ་དུ་འགྲུལ་བཞུད་ཆོག་མཆན་ཕྱི་ཟླ་ ༡༡ ཚེས་ ༡ བར་ཕར་འགྱང་བྱས་པ།
ནིའུ་སའོ་ཐི་ཝལ་མངའ་སྡེ། NSW
དེ་རིང་ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༣༩༩ ཐོན་ཡོད་པ་དང་མི་གྲངས་ ༣ འདས་གྲོངས་སུ་ཕྱིན་འདུག
ནིའུ་སོ་ཐི་ཝལ་མངའ་སྡེའི་སྲིད་བློན་ཌོ་མེ་ནིང་ཕེ་རོ་ཊི་ Dominic Perrottet ལགས་ཀྱིས་མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་པའི་གྲངས་འབོར་བརྒྱ་ཆ་ ༨༠ ཟིན་གྱི་ཡོད་སྟབས་བདུན་ཕྲག་རྗེས་མའི་རེས་གཟའ་ཟླ་བ་ནས་དམ་བསྒྲགས་ཁག་ཅིག་སླར་ཡང་ལྷོད་དུ་གཏང་རྒྱུ་ཡིན་སྐོར་གསུངས་འདུག
ཡང་ཁོང་གིས་རྒྱལ་སྤྱིའི་འགྲུལ་པ་ཏོག་དབྱིབས་འགོག་ཁབ་ཐེངས་གཉིས་ཀ་བརྒྱབ་ཚར་བ་རྣམས་ཕྱི་ཟླ་ ༡༡ ཚེས་ ༡ ནས་རང་ཁྱིམ་དང་མགྲོན་ཁང་ནང་ཟུར་བཀག་དུ་སྡོད་མི་དགོས་སྐོར་གསུངས་འདུག ཡིན་ནའང་འགྲུལ་པ་རྣམས་ཐོག་མར་འབྱོར་སྐབས་ཏོག་དབྱིབས་ན་ཚ་ཡོད་མེད་བརྟག་དཔྱད་དང་ན་ཚ་འགོས་མེད་པ་དགོས་ཀྱི་ཡོད་པས་མ་ཚད། འགོག་ཁབ་དེ་ཡང་ཨོ་སི་ཊོ་ལི་ཡའི་གསོ་དཔྱད་ཅ་དངོས་དོ་དམ་ལྷན་ཁང་གི་ངོས་འཛིན་ཡོད་པའི་འགོག་ཁབ་དེ་རིགས་བརྒྱབ་པ་ཞིག་ཡིན་དགོས་ཀྱི་ཡོད་འདུག
རེས་གཟའ་ཟླ་བ་ནས་བཟུང་ནང་ལ་འདུ་འཛོམས་ཆོག་པའི་མི་གྲངས་ ༢༠ བར་ཡར་སྤར་རྒྱུ་དང་། ཁང་པའི་ཕྱི་རོལ་དུ་འདུ་འཛོམས་ཆོག་པའི་མི་གྲངས་ ༥༠ བར་ཡར་སྤར་རྒྱུ་ཡིན་འདུག
གཞན་ཡང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཁུལ་དུ་འགྲུལ་བཞུད་དེ་བཞིན་ཕྱི་ཟླ་ ༡༡ ཚེས་ ༡ བར་ཕར་འགྱང་བྱས་ཡོད་འདུག
ཝི་ཊོ་རི་ཡ་མངའ་སྡེ། VICTORIA
བདུན་ཕྲག་རྗེས་མའི་རེས་གཟའ་མིག་དམར་ཉིན་ནས་བཟུང་ཝི་ཊོ་རི་ཡ་མངའ་སྡེས་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་མི་རྣམས་ཟུར་བཀག་དུ་སྡོད་མི་དགོས་པ་བཟོ་འཆར་ཡོད་འདུག
དེ་རིང་ཝི་ཊོ་རི་ཡ་མངའ་སྡེའི་ནང་ས་གནས་ཏོག་དབྱིབས་ནད་པ་གསར་པ་ ༢༡༧༩ ཐོན་ཡོད་པ་དང་མི་གྲངས་ ༦ འདས་གྲོངས་སུ་ཕྱིན་ཡོད་འདུག འགྲུལ་པ་རྣམས་མངའ་སྡེའི་ནང་མ་འབྱོར་སྔོན་དུས་ཡུན་ཆུ་ཚོད་ ༧༢ ནང་བརྟག་དཔྱད་བྱས་ནས་ན་ཚ་མེད་པ་ར་སྤྲོད་དགོས་ཀྱི་ཡོད་འདུག
མོ་ཌར་ཎའི་ཏོག་དབྱིབས་འགོག་ཁབ་དེ་བཞིན་ལས་ཀ་བ་ཚང་མར་རྒྱག་ཆོག་པའི་ཆོག་མཆན་དང་། ལས་ཀ་བྱེད་ས་ལས་བྱེད་ཚང་མས་འགོག་ཁབ་དང་པོ་ངེས་པར་དུ་བརྒྱབ་ཚར་བ་དགོས་ཀྱི་ཡོད་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ། ACT
དེ་རིང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་ཏོག་དབྱིབས་ནད་པ་གསར་པ་ ༣༥ ཐོན་ཡོད་པ་དང་ད་ལྟའི་འགོས་ཁྱབ་དེའི་ཐོག་ནས་ཁྱོན་ཏོག་དབྱིབས་ན་ཚ་འགོས་མཁན་མི་གྲངས་ ༡༣༩༤ བྱུང་ཡོད་འདུག རྒན་གསོ་ཁང་ནང་གནས་སྡོད་བྱེད་མཁན་ལོ་ན་ ༧༠ ནང་ཡིན་པའི་བུད་མེད་ཅིག་འདས་གྲོངས་སུ་ཕྱིན་ཡོད་འདུག
དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡ་ཁྱོན་དུ། Around Australia over the past 24 hours
- ཨོ་སི་ཊོ་ལི་ཡའི་རྣམ་གྲངས་རིག་པའི་ངོ་ཚབ་ལས་ཁུངས་ཀྱིས་ནིའུ་སའོ་ཐི་ཝལ་མངའ་སྡེ་དང་། ཝི་ཊོ་རི་ཡ་མངའ་སྡེ། དེ་བཞིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་བཅས་ལ་ཁྱིམ་སྡོད་བཀའ་རྒྱ་བསྡམས་རྐྱེན་འདི་ལོ་ཕྱི་ཟླ་ ༩ པའི་ནང་ལས་ཀ་གྲངས་ ༡༣༨༠༠༠ ཙམ་བརླགས་ཡོད་སྐོར་བརྗོད་འདུག
ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ།
ནིའུ་སའོ་ཐི་ཝལ་མངའ་སྡེ། NSW and ཝི་ཊོ་རི་ཡ་མངའ་སྡེ། VIC , and རྒྱལ་ས་མངའ་ཁུལ། ACT and བྱང་ཕྱོགས་མངའ་སྡེ། NT and ཁུན་སི་ལན་ཌི་མངའ་སྡེ། QLD and ལྷོ་ཕྱོགས་མངའ་སྡེ། SA and ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and ནུབ་ཕྱོགས་མངའ་སྡེ། WA and
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་ ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་ ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།
- ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
- མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས། , , , , , , .
- ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།
ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .
མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག
ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།