དེ་རིང་ཨོ་སི་ཊོ་ལི་ཡའི་ནས་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཉུང་མཐར་མི་གྲངས་ ༢༥ འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེའི་ནང་མི་གྲངས་ ༩ ནིན་ཁུན་སི་ལན་ཌི་དང་མི་གྲངས་ ༨ ནིའུ་སའོ་ཐི་ཝལ་མངའ་སྡེ་ནས་ཡིན་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཌེལ་ཊ་ཁོ་རོན་ Deltacron ཞེས་ཏོག་དབྱིབས་ཌེལ་ཊ་ Delta དང་ཨོ་མེ་ཁོ་རོན་ Omicron ནད་དུག་གཉིས་མཉམ་དུ་འདུས་པའི་ན་ཚ་ཞིག་གསར་དུ་ངོས་འཛིན་བྱུང་ཡོད་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་ནས་བདུན་རེའི་ཏོག་དབྱིབས་གནས་ཚུལ་ ཡིག་ཆའི་ནང་གསལ་བ་ལྟར་ན། ཏོག་དབྱིབས་ནད་པ་ ༣ ལ་ནད་དུག་ཌེལ་ཊ་ Delta དང་ཨོ་མེ་ཁོ་རོན་གྱི་རྒྱུན་དང་པོ་ BA འདྲེས་བསྡད་ཡོད་པ་དང་། ཡང་གཞན་ནད་པ་ ༤ ལ་ཨོ་མེ་ཁོ་རོན་གྱི་ནད་རྒྱུན་ BA.1 དང་ BA.2 གཉིས་མཉམ་དུ་འདུས་ཡོད་པའི་ངོས་འཛིན་བྱུང་ཡོད་འདུག
ཨོ་སི་ཊོ་ལི་ཡའི་ Labor ངལ་རྩོལ་ཆབ་སྲིད་ཚོགས་པའི་ཚོགས་གཙོས་ཨོ་སི་ཊོ་ལི་ཡའི་གཞུང་གིས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཐད་སྟངས་འཛིན་ཇི་ལྲ་བྱེད་བཞིན་ཡོད་སྐོར་འདྲི་ཞིབ་བྱས་འདུག
དེ་ཡང་འདྲི་ཞིབ་ནང་ཨོ་སི་ཊོ་ལི་ཡ་རང་ཉིད་ཀྱིས་ཏོག་དབྱིབས་ནད་ཡམས་སྟངས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་མེད་དང་། ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ཉེན་སྲུང་ལྷན་ཚོགས་ནས་ནད་ཡམས་སྐོར་གནས་ཚུལ་ཕྱི་གསལ་ནང་གསལ་དགོས་པ་དང་། ཁྲིམས་སྒྲིག་གསར་པས་སྨན་བཅོས་ཐད་དོ་ཕོག་འགྲོ་གི་ཡོད་སྐོར་བརྗོད་ཡོད་འདུག
ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་བརྟག་དཔྱད་བྱེད་ས་གཤམ་གྱི་མངའ་སྡེ་དང་ས་ཁུལ་སོ་སོའི་མིང་ཐོག་ནས་གཟིགས།
ཁྱེད་རང་ཉིད་ཀྱིས་ཏོག་དབྱིབས་བརྟག་དཔྱད་སྐབས་གལ་སྲིད་ནད་རྟགས་ཐོན་ཚེ་ཁྱེད་རང་གནས་སྡོད་བྱེད་ས་གཤམ་གསལ་མངའ་སྡེ་དང་ས་ཁུལ་གང་ཡིན་པ་དེ་ནས་ཐོ་འགོད་བྱེད་དགོས།
ཨོ་སི་ཊོ་ལི་ཡའི་ནང་ས་གནས་གང་དུ་ཡང་ཁྱེད་རང་གི་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་ལ་གཤམ་གྱི་དྲ་ཐག་དེ་ནས་འགྲིམ་འགྲུལ་གྱི་དགོས་མཁོ་དང་ལམ་སྟོན་ཁག་ལ་གཟིགས།
གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
འདི་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས།.