དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༢༤ འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། དེའི་ནང་ནིའུ་སའོ་ཐི་ཝལ་མངའ་སྡེ་དང་ཝི་ཊོ་རི་ཡ་སོ་སོར་ནད་པ་བདུན་རེར་འདས་གྲོངས་སུ་ཕྱིན་ཡོད་འདུག གཞན་ཡང་ཨོ་སི་ཊོ་ལི་ནུབ་ཕྱོགས་མངའ་སྡེ་ནས་ཏོག་དབྱིབས་ནད་པ་གཉིས་འདས་གྲོངས་སུ་ཕྱིན་ཡོད་འདུག
ཨོ་སི་ཊོ་ལི་ཡའི་ནང་ད་ལྟའི་ཆར་ཏོག་དབྱིབས་ནད་པ་གསར་པ་དང་། སྨན་ཁང་ནང་ཡོད་པ། དེ་བཞིན་འདས་གྲོངས་སུ་ཕྱིན་པ་བཅས་ཞིབ་ཕྲ་གནས་ཚུལ་གཤམ་གྱི་དྲ་ཐག་འདི་ནས་གཟིགས། .
ཁ་སང་རེས་གཟའ་ཕུར་བུ་ཉིན་ནིའུ་སའོ་ཐི་ཝལ་མངའ་སྡེས་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་རྒྱུན་ BA.4 ཅན་དེ་ཨ་ཧྥི་རི་ཁ་ནས་ཕྱི་ལོགས་བྱེད་མཁན་ཞིག་ལ་འགོས་ཡོད་པ་ཤེས་རྟོགས་བྱུང་སྐོར་བསྒྲགས་འདུག མ་ཚད་ན་ཚ་དེ་དང་ཆ་འདྲ་བ་ཞིག་ཉེ་སྔོན་ཝི་ཊོ་རི་ཡ་མངའ་སྡེས་བཙོག་ཆུ་བརྟག་དཔྱད་ཅིག་ལས་ཐོན་ཡོད་སྐོར་བརྗོད་ཡོད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཨ་ཧྥི་རི་ཁ་དང་ཡོ་རོབ་ལུང་པ་ཁག་ཅིག་ནས་གསར་དུ་ཤེས་རྟོགས་བྱུང་བའི་ཏོག་དབྱིབས་ན་ཚའི་རིགས་ BA.4 དང་ BA.5 གཉིས་ལུང་པ་དང་ས་གནས་གང་ཞིག་ཏུ་ཁྱབ་བཞིན་ཡོད་མེད་ཞིབ་འཇུག་དང་ཉེན་བརྡ་བཏང་ཡོད་པ་རེད།
ཨ་ཧྥི་རི་ཀའི་ཚན་རིགས་པ་ཚོས་ཏོག་དབྱིབས་ན་ཚ་ BA.4 དང་ BA.5 གཉིས་མཉམ་གཅིག་ཏུ་ཨ་ཧྥི་རི་ཀའི་ནང་སླར་ཡང་འགོས་ཁྱབ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
ཏོག་དབྱིབས་ན་ཚ་་ BA.4 དང་ BA.5 གཉིས་ནི་ BA.2 ལྟར་ཧ་ཅང་མགྱོག་པོ་འགོས་ཁྱབ་འགྲོ་བཞིན་ཡོད་འདུག་པ་དང་། ཉེ་ཆར་ཕྱི་ཟླ་ ༤ པའི་བདུན་ཕྲག་དང་པོར་ལྷ་ཨ་ཧྥི་རི་ཀའི་ནང་མི་མང་བརྒྱ་ཆ་ ༥༠ ལྷག་ལ་ན་ཚ་འགོས་ཁྱབ་ཕྱིན་ནས་མངའ་སྡེ་ཁག་ཅིག་གི་ནང་ནད་པ་སྨན་ཁང་དུ་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག
ཝི་ཊོ་རི་ཡ་མངའ་སྡེའི་ནང་མི་མང་སློབ་གྲྭའི་དགེ་རྒན་ ༤༢༠ ཙམ་གྱིས་ཏོག་དབྱིབས་འགོག་ཁབ་ཆ་ཚང་མ་བརྒྱབ་པའི་རྐྱེན་གྱིས་མངའ་སྡེ་གཞུང་གིས་ལས་མཚམས་འཇོག་དུ་བཅུག་ཡོད་འདུག དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་འགོག་ཁབ་འཕར་མ་བྷུ་སི་ཊར་རྒྱག་རྒྱུའི་དུས་བཀག་མཐའ་མ་དེ་ཡིན་པས་འགོག་ཁབ་མ་བརྒྱབ་པའི་དགེ་རྒན་མང་ཆེ་བ་གླ་མེད་ཐོག་ནས་དགོངས་པ་ཞུས་བཅུག་ཡོད་འདུག
ཝི་ཊོ་རི་ཡའི་མངའ་སྡེ་བློན་ཆེན་ཌ་ནལ་ཨན་ཌོར་སི་ Daniel Andrews ལགས་ཀྱིས་སེམས་ཚོར་ཆེན་པོས་འགོག་ཁབ་ཀྱིས་མིའི་ཚེ་སྲོག་མུ་མཐུད་སྲུང་སྐྱོབ་བྱེད་ཀྱི་རེད་ཅེས་གསུངས་འདུག ཝི་ཊོ་རི་ཡ་དང་བྱང་ཁུལ་མངའ་སྡེ་གཉིས་ཀྱིས་དགེ་རྒན་རྣམས་ངེས་པར་དུ་ཏོག་དབྱིབས་འགོག་ཁབ་འཕར་མ་བྷུ་སི་ཊར་ Booster རྒྱག་དགོས་པའི་དེ་སྔོན་གཞུང་འབྲེལ་བཀའ་ཁྱབ་བཏང་ཡོད་པ་རེད།
ཁུན་སི་ལན་ཌི་མངའ་སྡེས་ཏོག་དབྱིབས་ན་ཚ་འགོས་ཁྱབ་འབྲེལ་འདྲིས་བརྩད་གཅོད་བྱེད་མཁན་གྱི་ཆེད་ལས་ཚོགས་ཆུང་ཞིག་དེ་རིང་ལས་མཚམས་བཞག་བཅུག་ཡོད་འདུག རུ་ཁག་དེ་ན་ནིང་ཕྱི་ཟླ་ ༡ པོ་ནས་གླས་ནས་མི་མང་གི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་འཕར་མ་བསྐོ་འཛུགས་བྱས་པ་ཞིག་ཡིན་འདུག ལས་དོན་དེའི་ཐོག་ནས་ཏོག་དབྱིབས་ན་ཚ་འགོས་མཁན་འབྲེལ་འདྲིས་བྱུང་བའི་གནས་ཚུལ་གྲངས་་༡༥༠༠༠ ཙམ་རྩད་ཞིབ་བྱས་ཡོད་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་འགོས་ཁྱབ་དམ་བསྒྲགས་སྐབས་ས་གནས་ཚོགས་སྡེ་ཁག་ལ་ཟས་རིགས་དང་འཐུང་ཆུ་དབོར་འདྲེན་བྱེད་མཁན་ཁེ་མེད་ཚོགས་པ་ཁག་ ༣༤ ལ་ཨོ་སྒོར་འབུམ་གསུམ་ ༣༠༠༠༠༠ རོགས་དངུལ་སྤྲད་ཡོད་འདུག
ཡོ་རོབ་ཌན་མག་རྒྱལ་ཁབ་ནི་ཏོག་དབྱིབས་འགོག་ཁབ་ཀྱི་ལས་རིམ་མཚམས་འཇོག་བྱེད་མཁན་ཐོག་མ་དེ་ཡིན་ཞིང་། ཁོང་ཚོས་ད་ལྟའི་ཆར་ཏོག་དབྱིབས་འགོས་ཁྱབ་སྟངས་འཛིན་ཐུབ་ཡོད་སྐོར་བརྗོད་འདུག
གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས།
གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།
ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས།
ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས།
རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས།
གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས།
ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.