ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་ BA.4 དང་ BA.5 ན་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༢༠ འཕར་བ།

འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༡༦ རེས་གཟའ་པ་སངས་ཉིན་གནས་ཚུལ་གསར་པ་ཁག་ཡིན།

Members of the public queue in their cars for a COVID-19 PCR test in Sydney.

NSW Health believes new variants will drive up COVID-19 cases in coming weeks. (file) Source: AAP Image/Bianca De Marchi

དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཉུང་མཐར་མི་གྲངས་ ༥༠ འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། དེའི་ནང་ཝི་ཊོ་རི་ཡ་ནང་མི་གྲངས་ ༡༨ དང་ཁུན་སི་ལན་ཌི་ནས་མི་གྲངས་ ༡༡ ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ ༨ འདས་གྲོངས་སུ་ཕྱིན་པ། གཞན་ཡང་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་མི་ ༡ བཅས་འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་བའི་བདུན་ཕྲག་འགའ་ཤས་ནང་ནིའུ་སའོ་ཐི་ཝལ་མངའ་སྡེ་དང་ཁུན་སི་ལན་ཌི་མངའ་སྡེ་གཉིས་ཀྱི་སྨན་ཁང་ཁག་གི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་མང་དུ་ཕྱིན་ཡོད་ཀྱང་། ཝི་ཊོ་རི་ཡ་དང་ལྷོ་ཕྱོགས་མངའ་སྡེ་ད་དུང་ཏཱ་སི་མ་ནི་ཨ་བཅས་ཀྱི་སྨན་ཁང་ཁག་གི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཇེ་ཉུང་དུ་ཕྱིན་ཡོད་འདུག

གཤམ་གྱི་དྲ་ཐག་འདི་ནས་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་དང་། སྨན་ཁང་ནང་ལྷག་པའི་ཏོག་དབྱིབས་ནད་པའི་གྲངས་འབོར། ད་དུང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བཅས་གཟིགས།  

 ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགོས་མངའ་སྡེས་ཏོག་དབྱིབས་ན་ཚའི་རིགས་མི་འདྲ་བ་ ༡༢ བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཡིན་ན་ཡང་ས་གནས་དེར་གནས་སྡོད་བྱེད་མཁན་ཚོས་རླངས་འཁོར་ནང་བསྡད་ནས་བརྟག་དཔྱད་དེར་བརྒྱུད་པར་རྒྱུན་དུ་བསྟེན་གཏུགས་བྱེད་སའི་སྨན་པའི་  GP ངོས་སྦྱོར་དགོས་ཀྱི་ཡོད་འདུག

ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་ནས་ཉེ་བའི་ཆར་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་རྒྱུན་ BA.4 དང་ BA.5 ཅན་དེ་ན་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༢༢ ཙམ་ཡར་འཕར་ཡོད་སྐོར་བརྗོད་འདུག ད་དུང་འཕྲོད་བསྟེན་ལས་བྱེད་པས་མ་འོངས་བདུན་ཕྲག་འགའ་ཤས་ནང་ཏོག་དབྱིབས་ན་ཚ་ BA.4 དང་ BA.5 གཉིས་མངའ་སྡེ་ནང་ཁུལ་དུ་འགོས་ཁྱབ་ཇེ་ཆེར་འགྲོ་སྲིད་སྐོར་བརྗོད་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉེ་བའི་བདུན་ཕྲག་ ༥ ཡི་ནང་ཞིབ་འཇུག་བྱས་པ་བརྒྱུད་ཏོག་དབྱིབས་ན་ཚ་འགོས་མཁན་གྱི་གྲངས་འབོར་བརྒྱ་ཆ་ ༤ ཙམ་ཡར་འཕར་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ཨོ་སི་ཊོ་ལི་ཡས་ད་དུང་ཡང་གནམ་གྲུ་ནང་ཁ་རས་གྱོན་དགོས་པའི་སྒྲིག་གཞི་ལག་བསྟར་བྱེད་བཞིན་ཡོད་སྟབས། མཁའ་བསྐྱོད་ཞབས་ཞུ་ཁན་ཊ་ Qantas ཡི་སྤྱི་ཁྱབ་འགན་འཛིན་ཨ་ལན་ཇོ་སེ་ Alan Joyce ཡིས་གནམ་གྲུ་ནང་ཁ་རས་གྱོན་དགོས་པའི་སྒྲིག་གཞི་མེད་པ་བཟོ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་སྐོར་  རླུང་འཕྲིན་ལ་འགྲེལ་བརྗོད་གནང་འདུག 

བདུན་ཕྲག་འདིའི་གཟའ་མཇུག་ནས་བཟུང་སྟེ་ཨོ་སི་ཊོ་ལི་ཡའི་མངའ་སྡེ་དང་ས་ཁུལ་མང་ཆེ་བའི་གནམ་ཐང་ནང་ཁ་རས་གྱོན་མི་དགོས་པ་བཟོ་རྒྱུ་ཡིན་ཡང་། ད་དུང་གནམ་གྲུའི་ནང་ཁ་རས་མུ་མཐུད་གྱོན་དགོས་ཀྱི་ཡོད་པ་རེད། 


 


གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས། 



གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།



ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས། 



ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས། 

རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.    


Share
Published 17 June 2022 4:00pm
Updated 17 June 2022 4:27pm


Share this with family and friends