- ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་མི་གྲངས་ ༡༠༠༠ ཙམ་སྨན་ཁང་ཁག་གི་ལྷག་ཡོད་འདུག
- ཝི་ཊོ་རི་ཡའི་ནང་ AstraZeneca ཡི་སྨན་ཁབ་གྲངས་ ༥༠༠༠༠ ཐོ་འགོད་བྱས་པ་རྣམས་ད་ཆ་དངོས་སུ་ལག་བསྟར་བྱས།
- རྒྱལ་ས་མངའ་ཁུལ་དུ་བདུན་ཕྲག་ ༡༢ རིང་གི་ཁང་གླ་གཞུང་གིས་རོགས་རམ་གནང་རྒྱུ་ཡིན་འདུག
ནེའུ་ཝོ་ཐི་ཝལ་མངའ་སྡེ། New South Wales
ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༤༣༡ ཐོན་ཡོད་པ་དང་ཏོག་དབྱིབས་ནད་པ་ ༡༢ འདས་གྲོངས་སུ་ཕྱིན་ཡོད་པ་རེད། ནེའུ་སོ་ཐི་ཝལ་མངའ་སྡེའི་སྲིད་བློན་ལྕམ་གྷ་ལི་ཌི་མཆོག་གིས་ཡོང་རྒྱུ་བསྡད་པའི་བདུན་ཕྲག་འགའི་ནང་ཏོག་དབྱིབས་ན་ཚའི་ཉེན་ཁ་མུ་མཐུད་ཇེ་ཆེར་འགྲོ་སྲིད་སྐོར་ཉེན་བརྡ་བཏང་འདུག
ད་ལྟའི་ཆར་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གྲངས་ ༩༧༩ སྨན་ཁང་ཁག་གི་ནང་ལྷུང་ཡོད་པ་དང་། དེའི་ནང་ནད་པ་ ༡༦༠ ལ་ཛ་དྲག་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་པས་མ་ཚད། ནད་པ་གྲངས་ ༦༣ ལ་སྲོག་ལྷུང་དབུ་སྣོན་གཏོང་དགོས་པ་ཆགས་ཡོད་འདུག དེ་དང་ཆབས་ཅིག་མངའ་སྡེའི་འཕྲོད་བསྟེན་འགོ་ཁྲིད་ཚོས་མ་འོངས་བདུན་ཕྲག་གཉིས་ཀྱི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་མུ་མཐུད་འཕར་སྲིད་པའི་ཉེན་བརྡ་བཏང་འདུག
ཝི་ཊོ་རི་ཡ་མངའ་སྡེ། Victoria
ཝི་ཊོ་རི་ཡ་མངའ་སྡེའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༢༠༨ ཐོན་ཡོད་པ་དང་། དེའི་ནང་ནད་པ་གྲངས་ ༩༦ ནི་ཕན་ཚུན་འགོས་ཁྱབ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་ཡོད་ཅིང་ལོ་ན་ ༦༠ ནང་ཡིན་པའི་ཏོག་དབྱིབས་ནད་པ་ཞིག་འདས་གྲོངས་སུ་ཕྱིན་ཡོད་འདུག
ཝི་ཊོ་རི་ཡ་མངའ་སྡེའི་སྲིད་བློན་ཨན་ཌེ་རོས་ Andrews མཆོག་གིས་ལོ་རིམ་ ༡༢ ཅན་གྱི་སློབ་མ་རྣམས་ལ་བདུན་ཕྲག་རྗེས་མའི་རེས་གཟའ་མིག་དམར་ཉིན་ཏེ་ཕྱི་ཟླ་ ༩ ཚེས་ ༧ ཉིན་ཏོག་དབྱིབས་འགོག་ཁབ་ཀྱི་ལས་རིམ་འགོ་འཛུགས་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ལོ་ན་ ༡༢ ཅན་གྱི་བྱིས་པ་རྣམས་ལ་དེའི་རྗེས་ནས་ཕིར་ཛར་གྱི་འགོག་ཁབ་རྒྱག་རྒྱུའི་ལས་རིམ་འགོ་འཛུགས་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ཁྱེད་རང་སྡོད་སའི་ཉེ་འགྲམ་གྱི་ཏོག་དབྱིབས་འགོག་ཁབ་རྒྱག་སའི་ས་ཚིགས་དྲ་ཐག་ འདི་ནས་འཚོལ་ཞིབ་གནང་རོགས།
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ། Australian Capital Territory
ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༨ ཐོན་ཡོད་པ་དང་། དེའི་ནང་ནད་པ་ ༡༥ ནི་ཚོགས་སྡེ་ནང་ཁུལ་དུ་འགོས་ཁྱབ་བྱུང་བ་ཆགས་ཡོད་འདུག
གཞུང་གིས་ཁྱིམ་སྡོད་བཀའ་རྒྱའི་རྐྱེན་པས་ལས་ཀ་ཤོར་ནས་ཡོང་སྒོ་མེད་པ་ཆགས་པ་དང་ལས་ཀའི་ཆུ་ཚོད་ཉུང་དུ་ཕྱིན་པ་སོགས་ཀྱིས་དཔལ་འབྱོར་གྱི་དཀའ་ངལ་འཕྲད་མཁན་ནང་ཁང་གླ་སྤྲོད་ནས་སྡོད་མཁན་རྣམས་ལ་བདུན་ཕྲག་ ༡༢ རིང་གི་ཁང་གླ་རོགས་རམ་གནང་རྒྱུ་ཡིན་སྐོར་གསལ་འདུག ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས་
འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ཡི་ནང་ཨོ་སི་ཊོ་ལི་ཡའི་ནང་གནས་ཚུལ་ཁག་ཅིག
- ཁུན་སི་ལན་ཌི་མངའ་སྡེ་གཞུང་གིས་ཕྱི་ལོགས་ནས་ཡོང་མཁན་བཀག་བསྡོམས་བྱས་སྟབས་ཕྱི་ཟླ་ ༩ ཚེས་ ༦ རེས་གཟའ་ཟླ་བ་ཉིན་ནས་ཟུར་བཀག་དུ་སྡོད་སའི་མགྲོན་ཁང་ཁང་མིག་གྲངས་ ༦༨༠ སྟོང་པ་ཐོན།
- གལ་གནད་ཆེ་བ་ཡིན་མིན་ལ་མ་བལྟོས་པར་ཨེ་བྷོ་རེ་ཇི་ནར་དང་ཐོ་རི་སི་གླིང་ཕྲན་གྱི་མི་ལོ་ན་ ༡༦ ཡན་གྱི་མི་གྲངས་བརྒྱ་ཆ་ ༢༠ ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད།
- ཏཱ་སི་མ་ནིང་ཡའི་སྲིད་བློན་གཞོན་པ་ཇེར་མའེ་ Jeremy Rockliff ལགས་ཀྱིས་ཏཱ་སི་མ་ནིང་ཡའི་ནང་འཕྲོད་བསྟེན་ལས་ཀ་བྱེད་མཁན་རྣམས་འགན་འཁུར་ཡོད་པའི་ཐོག་ནས་འགོག་ཁབ་རྒྱག་དགོས་པའི་གསལ་བསྒྲགས་བྱས།

Source: ALC
ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ།
ནིའུ་སོ་ཐི་ཝལ་མངའ་སྡེ། NSW and ཝི་ཊོ་རི་ཡ་མངའ་སྡེ། VIC , and རྒྱལ་ས་མངའ་ཁུལ། ACT and བྱང་ཕྱོགས་མངའ་སྡེ། NT and ཁུན་སི་ལན་ཌི་མངའ་སྡེ། QLD and ལྷོ་ཕྱོགས་མངའ་སྡེ། SA and ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and ནུབ་ཕྱོགས་མངའ་སྡེ། WA and
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་ ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་ ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།
- ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
- མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས། , , , , , , .
- ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།
ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .
མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག
ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།