ནིའུ་སོ་ཐི་ཝལ་མངའ་སྡེས་རྒྱལ་ཡོངས་གནས་སྟངས་ཛ་དྲག་ཡིན་པའི་གསལ་བསྒྲགས་བྱས། ཏོག་དབྱིབས་ནད་ཡམས་ཀྱི་གནས་ཚུལ་གསར་སྣོན།

འདི་ནི་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༣ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

NSW Premier Gladys Berejiklian and Chief Health Officer Dr Kerry Chant

NSW Premier Gladys Berejiklian and Chief Health Officer Dr Kerry Chant at a press conference to provide a COVID-19 update Source: AAP Image/POOL/Mick Tsikas

  • ནིའུ་སོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་འགན་འཛིན་ཌོར་ཊ་ཁེ་རེ་ཆན་ཊི་ Dr Kerry Chant ལགས་ཀྱིས་མངའ་སྡེའི་ནང་གནས་སྟངས་ཛ་དྲག་ཡིན་པའི་གསལ་བསྒྲགས་བྱས།
  • ནིའུ་སོ་ཐི་ཝལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལྕམ་གྷ་ལི་ཌིས་ Gladys ལགས་ཀྱིས་ཨི་སོ་ཊོ་ལི་ཡའི་ལྷོ་ཕྱོགས་དང་ནུབ་ཕྱོགས་མངའ་སྡེ་གཉིས་ལ་ཕི་ཛར་གྱི་སྨན་ཁབ་མཁོ་སྤྲོད་ཡོང་བའི་རེ་སྐུལ་ཞུས།
  • ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་ཉུང་ཉུང་ཡིན་མིན་ལ་མ་བལྟོས་པར་སྲིད་བློན་ཨན་ཌེ་རོས་ Andrews ལགས་ཀྱིས་ཁྱིམ་སྡོད་བཀའ་རྒྱ་མཚམས་འཇོག་མི་ཐུབ་ཚུལ་བརྗོད་འདུག
  • ཕི་ཛར་སྨན་ཁབ་དེ་ཕྲུ་གུ་ལོ་ན་ ༡༢ ནས་ ༡༥ བར་ལ་རྒྱག་ཆོག་པའི་ཆོག་མཆན་སྤྲད་པ།

ནིའུ་སོ་ཐི་ཝལ་མངའ་སྡེ།
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༣༦ ཐོན་ཡོད་པ་དང་། དེའི་ནང་མི་གྲངས་ ༥༣ ཚོགས་སྡེ་ནང་འགོས་ཁྱབ་ཕྱིན་པ་དང་དེའི་ནང་མི་ ༡ མདང་དགོང་མཚན་མོར་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད།

Cumberland དང་ Blacktown ས་གནས་གཞུང་གི་ས་ཁུལ་དུ་འཕྲོད་བསྟེན་ཛ་དྲག་གནས་ཚུལ་དང་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཐོ་འགོད་  ནང་ཡོད་ན་མ་གཏོགས་དེ་མིན་ཚང་མ་རང་ཁྱིམ་ནས་ཕྱི་ལོག་ལ་ཐོན་ཆོག་གི་མེད་པ་རེད།  

ཏོག་དབྱིབས་ནད་པ་གསར་པ་ཐོན་སའི་ས་གནས་ ཐོ་གཞུང་དང་ས་ཁྲ་ལ་གཟིགས།

ཝི་ཊོ་རི་ཡ།
ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༤ ཐོན་ཡོད་པ་དང་། དེའི་ནང་མི་ ༤  ཚོགས་སྡེ་ནང་འགོས་ཁྱབ་ཕྱིན་པ་ཞིག་ཡིན་པ་རེད། ད་ལྟའི་ཆར་ཝི་ཊོ་རི་ཡའི་ནང་ཁྱོན་ཏོག་དབྱིབས་ནད་པ་གྲངས་ ༡༥༨ ཡོད་འདུག

མངའ་སྡེའི་ནང་ཏོག་དབྱིབས་ནད་པ་དང་ཐག་ཉེ་འབྲེལ་འདྲིས་བྱུང་བའི་ཁྱོན་མི་གྲངས་ ༡༩༠༠༠ ཙམ་ཟུར་བཀག་དུ་བཞག་ཡོད་འདུག

ཏོག་དབྱིབས་ནད་པ་གསར་པ་ཐོན་ས་ ས་གནས་ཀྱི་ཐོ་གཞུང་དང་ས་ཁྲ་ལ་གཟིགས། མངའ་སྡེའི་ནང་ད་ལྟའི་ཁྱིམ་སྡོད་བཀའ་རྒྱ་དེ་བཞིན་ཕྱི་ཟླ་ ༧ ཚེས་ ༢༧ རེས་གཟའ་མིག་དམར་མཚན་མོ་ཆུ་ཚད་ ༡༡ དང་སྐར་མ་ ༥༩ བར་བསྡམས་ཡོད་པ་རེད། 

ཨོ་སི་ཊོ་ལི་ཡའི་ནང་འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་།
  • ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེའི་ནང་ཁྱོན་མི་གྲངས་ ༢༣༥༠༠ ཙམ་ལ་དེ་རིང་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཡོད་འདུག་པ་དང་། དེའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༡ ཐོན་ཡོད་འདུག
  •  ཁུན་སི་ལན་ཌིའི་ནང་ཨོ་སི་ཊོ་ལི་ཡའི་མཁའ་འགྲུལ་ལས་ཁང་  Qantas གནམ་གྲུ་ནང་འགྲུལ་པ་ཞིག་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་།
  • ན་གཞོན་ལོ་ན་ ༤༠ མན་རྣམས་ཀྱིས་ཏོག་དབྱིབས་འགོག་ཁབ་ཕི་ཛར་རག་པར་ཕྱི་ཟླ་ ༩ པ་དང་ ༡༠ བར་སྒུག་དགོས་ཀྱི་ཡོད་པ་དང་། དེ་དང་ཆབས་ཅིག་མངའ་སྡེའི་ནང་ཕྲུ་གུ་ལོ་ན་ ༡༢ ནས་ ༡༥ བར་ལ་ཏོག་དབྱིབས་འགོག་ཁབ་རྒྱག་ཆོག་པའི་གསོ་བཅོས་དངོས་རྫས་འཛིན་སྐྱོང་ཁང་ TGA གིས་ཆོག་མཆན་སྤྲད་ཡོད་འདུག


ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ། 

ནིའུ་སོ་ཐི་ཝལ་མངའ་སྡེ། NSW  and 


ཝི་ཊོ་རི་ཡ་མངའ་སྡེ། VIC  and 
རྒྱལ་ས་མངའ་ཁུལ། ACT  and 
བྱང་ཕྱོགས་མངའ་སྡེ། NT and 
ཁུན་སི་ལན་ཌི་མངའ་སྡེ། QLD and 
ལྷོ་ཕྱོགས་མངའ་སྡེ། SA and 
ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and 
ནུབ་ཕྱོགས་མངའ་སྡེ། WA and 
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་  ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་  ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།




  •   ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
  • མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས།  .  
  • ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།

ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག


ནིའུ་སོ་ཐི་ཝལ་ངམའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། 
བྱང་ཕྱོགས་མངའ་སྡེ།  


ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།

ནིའུ་སོ་ཐི་ཝལ་མངའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། བྱང་ཁུལ་མངའ་སྡེ། 


Share
Published 23 July 2021 7:12pm
Updated 23 July 2021 8:52pm
By SBS/ALC Content
Presented by Sangyal Dorjee
Source: SBS


Share this with family and friends