ནེའུ་སོ་ཐི་ཝལ་མངའ་སྡེས་ཕྱི་ཟླ་ ༡༠ པའི་ནང་སློབ་མ་རྣམས་སློབ་གླིང་དུ་དངོས་སུ་བསྐྱོད་ནས་སློབ་སྦྱོང་བྱེད་དགོས་པའི་གསལ་བསྒྲགས་བྱས།

འདི་ནི་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༧ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

Mass Vaccination hub at Qudos Arena in Sydney,

Thousands of Year 12 HSC students got their Pfizer vaccinations at the Mass Vaccination hub at Qudos Arena in Sydney, Monday, August 9, 2021. Source: AAP Image/Dean Lewins

  • ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་མཐོ་རིམ་ཡིག་རྒྱུགས་ཕྱི་ཟླ་ ༡༡ ཚེས་ ༩ བར་ཕྱིར་འགྱང་བྱས།
  • ཝི་ཊོ་རི་ཡའི་གྲོང་ཁྱེར་ Shepparton ནང་མི་བཅུ་རེའི་ནང་མི་རེར་ཏོག་དབྱིབས་ན་ཚ་འགོས།
  • རྒྱལ་ས་མངའ་ཁུལ་གྱིས་ཁྱིམ་སྡོད་བཀའ་རྒྱ་སྐབས་ཚོང་ལས་ཁག་བཅོས་སྒྱུར་བྱས།
  • ཨོ་སི་ཊོ་ལི་ཡའི་སྔོན་འགོག་སྨན་ཁབ་ཀྱི་ཁྱད་མཁས་སློབ་སྟོན་ཚོགས་ཆུང་གིས་ཕི་ཛར་སྨན་ཁབ་དེ་ལོ་ན་ ༡༢ ནས་ ༡༥ བར་ལ་རྒྱག་ཆོག་པའི་ཆོག་མཆན་སྤྲད།

ནེའུ་སོ་ཐི་ཝལ་མངའ་སྡེ། New South Wales
ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༨༨༢ ཐོན་ཡོད་པ་དང་། དེའི་ནང་བརྒྱ་ཆ་ ༨༠ ལྷག་ནི་སིཌ་ནིང་ནུབ་ཕྱོགས་དང་ལྷོ་ཕྱོགས་ཆགས་ཀྱི་ཡོད་འདུག ལོ་ན་ ༦༠ རེ་གྲངས་ཡིན་པ་ཞིག་དང་ལོ་ན་ ༩༠ གོ་གྲངས་ཡིན་པ་བཅས་ཀྱི་སྐྱེས་པ་གཉིས་འདས་གྲོངས་སུ་ཕྱིན་ཡོད་འདུག

མངའ་སྡེའི་བློན་ཆེན་ལྕམ་གྷ་ལེ་ཌི་མཆོག་གིས་སློབ་མ་རྣམས་སློབ་གྲྭར་ཕྱིར་ལོག་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས།

  • ཕྱི་ཟླ་ ༡༠ ཚེས་ ༢༥ ནས་བུ་བཅོལ་ཁང་དང་ལོ་རིམ་དང་པོའི་སློབ་མ་རྣམས་སློབ་གྲྭར་ཕྱིར་ལོག་དགོས་རྒྱུ།
  • ཕྱི་ཟླ་ ༡༡ ཚེས་ ༡ ནས་ལོ་རིམ་ ༢ པ་དང་ ༦ པ་དེ་བཞིན་ ༡༡ ཅན་གྱི་སློབ་མ་རྣམས་སློབ་གྲྭར་ཕྱིར་ལོག་བྱ་དགོས།
  • ཕྱི་ཟླ་ ༡༡ ཚེས་ ༨ ནས་ལོ་རིམ་ ༣ པ་དང་ ༤ པ་ ༥ པ་ ༧ པ་ ༨ པ་ ༩ པ་དེ་བཞིན་ ༡༠ པ་བཅས་ཀྱི་སློབ་མ་རྣམས་སློབ་གྲྭར་ཕྱིར་ལོག་བྱ་དགོས།
ཕྱི་ཟླ་ ༡༡ ཚེས་ ༨ ནས་བཟུང་སྡེ་ཚན་ཚང་མའི་སློབ་གྲྭ་ཁག་གི་ལས་བྱེད་ཚང་མས་འགན་འཁུར་ཡོད་པའི་ཐོག་ནས་ཏོག་དབྱིབས་འགོག་ཁབ་རྒྱག་དགོས་ཀྱི་ཡོད། འོན་ཀྱང་དེའི་ནང་གལ་གནད་ཆེ་བ་རྣམས་ལ་ཕྱི་ཟླ་ ༩ ཚེས་ ༦ ནས་འགོག་ཁབ་རྒྱག་རྒྱུ་ཡིན་འདུག འགོག་ཁབ་དྲ་ཐག་འདི་ནས་  ཐོ་འགོད་བྱོས།

ཝི་ཊོ་རི་ཡ་མངའ་སྡེ། Victoria
ཝི་ཊོ་རི་ཡ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༧༩ ཐོན་ཡོད་པ་དང་། དེའི་ནང་མི་གྲངས་ ༥༣ ནི་ནང་ཁུལ་འགོས་ཁྱབ་ཕྱིན་པ་ཞིག་དང་ ༢༦ ནི་གནས་གསལ་པོ་ཤེས་རྟོགས་ཐུབ་མེད་པ་རེད། 

ཝི་ཊོ་རི་ཡའི་གྲོང་ཁྱེར་ Shepparton ཁུལ་དུ་གནས་སྡོད་བྱེད་མཁན་མི་གྲངས་ ༦༥༠༠༠ ཙམ་ཡོད་པ་དང་། དེའི་ནང་ཁྱོན་མི་གྲངས་ ༡༦༠༠༠ ཙམ་ཟུར་བཀག་དུ་སྡོད་དགོས་འཁེལ་ཡོད་སྟབས། ལས་བྱེད་མ་འདང་བའི་རྐྱེན་གྱིས་སྨན་ཚོང་ཁང་། རང་འདེམས་ཚོང་ཁང་། ཟ་མ་མཁོ་སྤྲོད་བྱེད་མཁན་རྣམས་བཙན་གྱིས་སྒོ་རྒྱག་དགོས་ཐུབ་ཀྱི་ཡོད་འདུག

ཁྱེད་རང་གི་ཉེ་འགྲམ་འགོག་ཁབ་རྒྱག་ས་དྲ་ཐག་  འདི་ནས་གཟིགས།

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ། Australian Capital Territory
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ཏོག་དབྱིབས་ནད་པ་གསར་པ་ ༢༡ ཐོན་ཡོད་པ་དང་། ད་ལྟའི་ཆར་ཁྱོན་ཏོག་དབྱིབས་ནད་པ་གྲངས་ ༢༠༩ ཆགས་ཡོད་པ་རེད། 

རྒྱལ་ས་མངའ་ཁུལ་གྱིས་སིལ་ཚོང་རྒྱག་མཁན་དང་། གཙང་བཟོ་བྱེད་མཁན། ལུས་སྦྱོང་ཁང་། ཞབས་བྲོ་འཛིན་གྲྭ། ས་ཁང་ཚོང་ལས་བཅས་ཀྱི་འགྱུར་བ་དེ་བཞིན་དེ་རིང་མཚན་མོ་ཆུ་ཚོད་ ༡༡།༥༩ ཐོག་ནས་ལག་བསྟར་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད། ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས་  

ཁྱེད་རང་ལ་ཏོག་དབྱིབས་འགོག་ཁབ་རག་འོས་ཡིན་མིན་དྲ་ཐག་འདི་ནས་གཟིགས་ .  

འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡ་ཁྱོན་དུ།
  • ཁུན་སི་ལན་ཌི་ལྷོ་ཤར་ཁུལ་དུ་དེ་རིང་ཕྱི་དྲོ་ཆུ་ཚོད་ ༤ པ་ནས་དམ་བསྒྲགས་ཇེ་ལྷོད་དུ་བཏང་ཡོད་པ་རེད། ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས་  
  • ཨོ་སི་ཊོ་ལི་ཡའི་སྔོན་འགོག་སྨན་ཁབ་ཀྱི་ཁྱད་མཁས་སློབ་སྟོན་ཚོགས་ཆུང་གིས་ཕི་ཛར་སྨན་ཁབ་དེ་ལོ་ན་ ༡༢ ནས་ ༡༥ བར་ལ་རྒྱག་ཆོག་པའི་ཆོག་མཆན་སྤྲད།
     

ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ། 

ནིའུ་སོ་ཐི་ཝལ་མངའ་སྡེ། NSW  and 


ཝི་ཊོ་རི་ཡ་མངའ་སྡེ། VIC  and 
རྒྱལ་ས་མངའ་ཁུལ། ACT  and 
བྱང་ཕྱོགས་མངའ་སྡེ། NT and 
ཁུན་སི་ལན་ཌི་མངའ་སྡེ། QLD and 
ལྷོ་ཕྱོགས་མངའ་སྡེ། SA and 
ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and 
ནུབ་ཕྱོགས་མངའ་སྡེ། WA and 
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་  ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་  ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།




  •   ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
  • མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས།  .  
  • ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།

ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག


ནིའུ་སོ་ཐི་ཝལ་ངམའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། 
བྱང་ཕྱོགས་མངའ་སྡེ།  


ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།

ནིའུ་སོ་ཐི་ཝལ་མངའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། བྱང་ཁུལ་མངའ་སྡེ།  


Share
Published 27 August 2021 7:11pm
Updated 27 August 2021 7:52pm
By SBS/ALC Content
Source: SBS


Share this with family and friends