ནེའུ་སོ་ཐི་ཝལ་དང་ཏཱ་སི་མ་ནིང་ཡ་མངའ་སྡེ་གཉིས་ཀྱིས་ཁྱིམ་སྡོད་ཟུར་བཀག་གསར་པ་ཞིག་ཚོད་ལྟ་བྱ་རྒྱུའི་གསལ་བསྒྲགས་བྱས།

འདི་ནི་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༧ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

Dr Jamal Rifi administers a Covid vaccine to 12 year old Bailee Little at a pop-up drive through vaccination clinic at Belmore Oval, in Sydney, Friday, September 17, 2021.

Dr Rifi administers Covid vaccine to 12 year old at a pop-up drive through vaccination clinic at Belmore Oval, in Sydney, September 17, 2021. Source: AAP Image/Dan Himbrechts

  • ནེའུ་སོ་ཐི་ཝལ་མངའ་སྡེས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བའི་འགྲུལ་པ་རྣམས་ལ་ཁྱིམ་སྡོད་ཟུར་བཀག་ཚོད་བལྟ་བྱ་རྒྱུའི་གསལ་བསྒྲགས་བྱས།
  • དེ་རིང་མཚན་དཀྱིལ་ནས་ཝི་ཊོ་རི་ཡ་མངའ་སྡེས་དམ་བསྒྲགས་ཁག་ཅིག་ལྷོད་དུ་གཏང་འཆར།
  • རྒྱལ་ས་མངའ་ཁུལ་དུ་རྒན་གསོ་ཁང་ཁག་གི་ནང་འགོག་ཁབ་ངེས་པར་དུ་རྒྱག་དགོས་པའི་གཏན་འབེབས་བྱས།
  • ཁུན་སི་ལན་ཌིའི་ནང་ཁྱིམ་སྡོད་ཟུར་བཀག་དུ་ཏོག་དབྱིབས་ནད་པ་གསར་པ་ཞིག་ཐོན།

ནེའུ་སོ་ཐི་ཝལ་མངའ་སྡེ། New South Wales
དེ་རིང་ནེའུ་སོ་ཐི་ཝལ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༢༨༤ ཐོན་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་མི་གྲངས་ ༡༢ འདས་གྲོངས་སུ་ཕྱིན་ཡོད་འདུག དེའི་ནང་མི་ ༢ ནི་ལོ་ན་ ༢༠ ནང་ཡིན་པ་རེད། འདས་གྲོངས་སུ་སོང་བའི་མི་ ༣ ནི་ནེའུ་སོ་ཐི་ཝལ་མངའ་སྡེའི་གྲོང་ཁྱེར་དྷུ་བྷོ་ Dubbo ནང་རྒན་གསོ་ཁང་ནང་གནས་སྡོད་བྱེད་མཁན་དང་། འདས་གྲོངས་སུ་ཕྱིན་པའི་མི་གྲངས་གཞན་ ༧ ནི་འགོག་ཁབ་མ་རྒྱབ་པ་དེ་འདྲ་ཡིན་འདུག

ནེའུ་སོ་ཐི་ཝལ་མངའ་སྡེའི་སྲིད་བློན་ལྕམ་གྷ་ལི་ཌི་མཆོག་གིས་འགྲིམ་འགྲུལ་བ་སུ་ཞིག་ཨོ་སི་ཊོ་ལི་ཡའི་གསོ་དཔྱད་དངོས་རྫས་འཛིན་སྐྱོང་ཁང་ TGA ཡི་དག་མཆན་བཀོད་པའི་འགོག་ཁབ་གང་རུང་ཆ་ཚང་བརྒྱབ་ཚར་ཡོད་ཚེ། བདུན་ཕྲག་གཅིག་རིང་ཁྱིམ་སྡོད་ཟུར་བཀག་ཚོད་ལྟ་བྱ་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་འདུག ཚོད་ལྟ་དེའི་ནང་ཁྱོན་མི་གྲངས་ ༡༧༥ ཙམ་མཉམ་ཞུགས་བྱ་རྒྱུའི་ལས་དོན་དེ་ཟླ་བ་འདིའི་ཟླ་མཇུག་ཏུ་འགོ་འཛུགས་བྱ་རྒྱུ་ཡིན་འདུག 

ཁྱེད་རང་གི་འགོག་ཁབ་དྲ་ཐག་  འདི་ནས་ཐོ་འགོད་བྱོས།

ཝི་ཊོ་རི་ཡ་མངའ་སྡེ། Victoria

དེ་རིང་ཝི་ཊོ་རི་ཡ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༥༡༠ ཐོན་ཡོད་པ་དང་ཏོག་དབྱིབས་ནད་པ་ ༡ འདས་གྲོངས་སུ་ཕྱིན་ཡོད་པ་རེད། དེ་རིང་མཚན་དཀྱིལ་ནས་བཟུང་ཏོག་དབྱིབས་འགོག་ཁབ་བརྒྱབ་མེད་པ་དང་ཡང་ན་ཐེངས་གཅིག་བརྒྱབ་ཚར་ཡོད་པའི་མིས་སྡོད་གནས་ཁྱིམ་ཚང་གཅིག་པ་མིན་པའི་མི་གཞན་གཅིག་ཐུག་འཕྲད་དང་མཉམ་འགྲོ་ཡང་ན་སྤྲོ་འཆམ་དུ་འགྲོ་ཆོག་གི་ཡོད་པ་དང་། འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་པའི་ཁྱིམ་ཚང་ཁག་གཉིས་ནས་མི་གྲངས་ ༥ དང་དེའི་སྒང་ལ་མཉམ་ཁྲིད་བྱ་རྒྱུ་བཅས་དང་ལྷན་དུ་འདུ་འཛོམས་བྱེད་ཆོག་གི་ཡོད་སྐོར་གསལ་བསྒྲགས་བྱས་ཡོད། 

གཞུང་གིས་ཕྱི་ཟླ་ ༡༡ བར་དམ་བསྒྲགས་སྐོར་ཞིབ་ཕྲའི་ས་ཁྲ་ཆ་ཚང་ཞིག་ཕྱི་ཟླ་ ༩ ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་གསལ་བསྒྲགས་བྱ་རྒྱུ་ཡིན་པ་རེད། 
ཁྱེད་རང་གི་ཉེ་འགྲམ་ཏོག་དབྱིབས་འགོག་ཁབ་རྒྱག་སའི་ས་གནས་དྲ་ཐག་  འདི་ནས་གཟིགས་རོགས།

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ། Australian Capital Territory
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༣༠ ཐོན་ཡོད་པ་དང་། དེའི་ནང་ཉུང་མཐར་མི་གྲངས་ ༡༤ ནི་ཚོགས་སྡེ་ནང་ཁུལ་དུ་འགོས་ཁྱབ་ཕྱིན་པ་ཡིན་འདུག

དེ་རིང་ནས་བཟུང་རྒན་གསོ་ཁང་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་ངེས་པར་དུ་རྒྱག་དགོས་པའི་གཏན་འབེབས་དང་། འགོག་ཁབ་བརྒྱབ་མེད་པའི་ལས་བྱེད་རྣམས་ཁོང་ཚོར་འགོག་ཁབ་དང་པོ་མ་རག་བར་དུ་རྒན་གསོ་ཁང་ཁག་གི་ནང་འགྲོ་བསྐྱོད་བྱེད་ཆོག་གི་མེད་པ་རེད། 
དྲ་ཐག་འདི་ནས་  ཁྱེད་རང་གི་ཏོག་དབྱིབས་འགོག་ཁབ་ཐོ་འགོད་བྱོས།                                                                                                         

འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡ་ཁྱོན་དུ།
  • བདུན་པྲག་རྗེས་མ་ནས་བཟུང་ཏཱ་སི་མ་ནིང་ཡ་མངའ་སྡེས་ནེའུ་སོ་ཐི་ཝལ་མངའ་སྡེ་ནས་སླེབས་པའི་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བ་དེ་ཚོ་དུས་ཡུན་ཉིན་གྲངས་ ༣༠ རེར་ཁྱིམ་སྡོད་ཟུར་བཀག་ཚོད་ལྟ་འགོ་འཛུགས་བྱ་རྒྱུ་ཡིན་འདུག


 ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ། 

ནིའུ་སོ་ཐི་ཝལ་མངའ་སྡེ། NSW  and ཝི་ཊོ་རི་ཡ་མངའ་སྡེ། VIC  and རྒྱལ་ས་མངའ་ཁུལ། ACT  and བྱང་ཕྱོགས་མངའ་སྡེ། NT and ཁུན་སི་ལན་ཌི་མངའ་སྡེ། QLD and ལྷོ་ཕྱོགས་མངའ་སྡེ། SA and ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and ནུབ་ཕྱོགས་མངའ་སྡེ། WA and 


གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་  ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་  ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།




  •   ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
  • མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས།  .  
  • ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .

ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།

ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག


ནིའུ་སོ་ཐི་ཝལ་ངམའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། 
བྱང་ཕྱོགས་མངའ་སྡེ།  


ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།

ནིའུ་སོ་ཐི་ཝལ་མངའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། བྱང་ཁུལ་མངའ་སྡེ།  


 

Share
Published 17 September 2021 8:27pm
Updated 17 September 2021 9:04pm
By SBS/ALC Content
Source: SBS


Share this with family and friends