ནིའུ་སའོ་ཐི་ཝལ་ནང་ཏོག་གསར་ཨོ་མེ་ཁི་རོན་ཐེངས་དང་པོ་འགོས་ཁྱབ་དོགས་གནས་བྱུང་ཡང་དམ་བསྒྲགས་འགྱུར་བ་བཏང་མེད།

Dom Perrottet

NSW Premier Dominic Perrottet says the restrictions in the state will ease as planned despite the recent spike in infections. Source: AAP

  • ཨོ་སི་ཊོ་ལི་ཡའི་ནང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནི་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་ Omicron འགོས་ཁྱབ་ཐོག་མར་བྱུང་བའི་དོགས་གནས་བྱུང་།
  • ཨོ་སི་ཊོ་ལི་ཡའི་བྱང་ཁུལ་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་འཆི་སྐྱོན་ཐོག་མ་དེ་བྱུང་། བྱང་ཁུལ་མངའ་སྡེ་དེ་ནི་ཨོ་སི་ཊོ་ལི་ཡའི་ནང་ད་བར་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་མི་སྣ་འདས་གྲོངས་ཕྱིན་མེད་པའི་མངའ་སྡེ་གཅིག་པུ་དེ་རེད།
  • ཕི་ཌི་རལ་གཞུང་འཛིན་ཚོགས་པའི་འཕྲོད་བསྟེན་བློན་ཆེན་མཆོག་གིས་རྒྱལ་ཡོངས་དམ་བསྒྲགས་ཁག་བསྐྱར་དུ་སྒོ་ཕྱེ་རྒྱུའི་འཆར་གཞི་དེ་མུ་མཐུད་ནས་འགྱུར་བ་མེད་སྐོར་བརྗོད་འདུག
  • ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་ Omicron འགོས་ཁྱབ་བྱུང་རྗེས་ཨོ་སི་ཊོ་ལི་ཡས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་ ༩ ནས་འགྲིམ་འགྲུལ་འཚམས་འཇོག་བྱས་པ་དེར་ཨ་ཧྥ་རི་ཀ་དང་ཨོ་སི་ཊོ་ལི་ཡའི་ཚོགས་སྡེ་ཀྱི་འགོ་ཁྲིད་ཀྱིས་སྐྱོན་བརྗོད་བྱས་འདུག
  • ཨོ་སི་ཊོ་ལི་ཡའི་མངའ་སྡེ་གཞན་ཁག་ཅིག་ལ་ཏོག་དབྱིབས་ན་ཚའི་གྲངས་འབོར་དམའ་བོ་ནས་འབྲིང་ལ་ཡར་འཕར་རྗེས་ནུབ་ཕྱོགས་མངའ་སྡེས་ལྷོ་ཕྱོགས་མངའ་སྡེ་ནས་ཡོང་བའི་འགྲིམ་འགྲུལ་བཀག་བསྡོམས་བྱས།
  • རྒྱལ་ཡོངས་སྨན་ཁབ་ཆེད་མཁས་ཚོགས་ཆུང་ ATAGI ཡིས་སྨན་ཁབ་རྒྱག་རྒྱུའི་ལས་དོན་གྱི་དུས་ཚོད་བཀོད་སྒྲིག་ལ་འགྱུར་བ་གང་ཡང་ཕྱིན་མེད་སྐོར་བརྗོད་འདུག
  • ཨོ་སི་ཊོ་ལི་ཡའི་གཞུང་འཛིན་ཚོགས་པས་ཏོག་དབྱིབས་ནད་ཡམས་ལས་གྱོང་གུད་སྲུང་སྐྱོབ་ཆེད་མ་དངུལ་ཨོ་སྒོར་ས་ཡ་ ༥༤༠ ཐོལ་པ་གཏང་རྒྱུའི་གསལ་བསྒྲགས་བྱས།
  • ཏཱ་སི་མ་ནིང་ཡས་ཕྱི་ཟླ་ ༡༢ ཚེས་ ༡༥ ནས་འགྲིམ་འགྲུལ་སྒྲིག་གཞི་  ཁག་འགྱུར་བ་གཏང་འཆར།

མངའ་སྡེ་ཁག་གི་ནང་ཏོག་དབྱིབས་ན་ཚའི་གནས་སྟངས།

དེ་རིང་ཝི་ཊོ་རི་ཡ་མངའ་སྡེའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༡༡༨༨ དང་མི་གྲངས་ ༡༡ འདས་གྲོངས་སུ་ཕྱིན། 

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༣༣༧ ཐོན།

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༤ དང་བྱང་ཕྱོགས་མངའ་སྡེའི་ནང་ནད་པ་གསར་པ་ ༢ ཐོན།

ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་སྐོར་ཞིབ་ཕྲ་གནས་ཚུལ་ཁྱེད་རང་གི་སྐད་ཡིག་ནང་དྲ་ཐག་   འདི་ནས་གཟིགས། 



མངའ་སྡེ་སོ་སོའི་ནང་ཟུར་བཀག་དང་དམ་བསྒྲགས་སྐོར།

ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་ཁག་གི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

འགྲིམ་འགྲུལ།

ཁྱེད་རང་གི་སྐད་ཡིག་ནང་  དང་ཏོག་དབྱིབས་ནད་ཡམས། དེ་བཞིན་འགྲིམ་འགྲུལ་སྐོར་གྱི་གནས་ཚུལ་ལ་གཟིགས།

དཔལ་འབྱོར་རོགས་རམ།

མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ཟིན་ཚེ་ཏོག་དབྱིབས་ནད་ཡམས་སྐབས་ཀྱི་ངལ་སེལ་རོགས་དངུལ་འགྱུར་བ་གཏང་འཆར།  



 
 





ནིའུ་སའོ་ཐི་ཝལ་མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁག་ལ་གཟིགས།


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག

ནིའུ་སའོ་ཐི་ཝལ་མངའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ། 
བྱང་ཕྱོགས་མངའ་སྡེ།  


Share
Published 3 December 2021 3:17pm
Updated 3 December 2021 3:49pm
By SBS/ALC Content
Source: SBS


Share this with family and friends