དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལིའི་ནང་ཏོག་དབྱིབས་ན་ཚའི་རྐྱེན་པས་ཉུང་མཐར་མི་གྲངས་ ༤༤ འདས་གྲོངས་སུ་གྱུར་ཡོད་འདུག་པ་དང་། དེའི་ནང་ཝི་ཊོ་རི་ཡ་ནས་མི་གྲངས་ ༢༢ དང་། ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་གྲངས་ ༡༡ ཁུན་སི་ལན་ཌིའི་ནང་མིག་གྲངས་ ༦ བཅས་འདས་གྲོངས་སུ་ཕྱིན་ཡོད་འདུག གཞན་ཡང་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་མི་གྲངས་ ༦ བཅས་འདས་གྲོངས་ཡིན་སྐོར་གསལ་འདུག
ནིའུ་སའོ་ཐི་ཝལ་མངའ་སྡེའི་འཕྲོད་བསྟེན་ལྷན་ཁང་ནས་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་ BA.2 ཡི་རྒྱུན་གྱི་ཏོག་དབྱིབས་ན་ཚ་དེ་ནི་མངའ་སྡེའི་ནང་ན་ཚ་གསར་ཤོས་དེ་ཆགས་ཡོད་སྐོར་བརྗོད་འདུག
འོན་ཀྱང་ཏོག་དབྱིབས་ན་ཚའི་རྒྱུན་ BA.4 དང་ BA.5 གཉིས་བསྡུར་བ་ཡིན་ན་ཉེ་བའི་བདུན་ཕྲག་འགའི་ནང་ཏོག་དབྱིབས་ན་ཚ་ BA.5 དེ་ BA.4 ལས་མང་བ་འགོས་ཁྱབ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
གཞན་ཡང་ནིའུ་སའོ་ཐི་ཝལ་མངའ་སྡེས་ཉེ་སྔོན་ཡོ་རོབ་ནས་ཡོང་བའི་འགྲུལ་པ་ཞིག་ལས་མཆེད་པའི་ Monkeypox སྤྲེལ་འབྲུམ་གྱི་ན་ཚད་དེ་ཁྱབ་བརྡལ་ཐེངས་གསུམ་པ་དེ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
གཤམ་གྱི་དྲ་ཐག་འདི་ནས་ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་དང་། སྨན་ཁང་ནང་ལྷག་པའི་ནད་པའི་གྲངས་འབོར། གཞན་ཡང་ཏོག་དབྱིབས་ན་ཚའི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་བཅས་ཀྱི་ཞིབ་ཕྲ་གནས་ཚུལ་འདིར་གཟིགས། .
ཏཱ་སི་མ་ནིང་ཨ་མངའ་སྡེས་ཕྱི་ཟླ་ ༦ པ་ཚེས་ ༦ ནས་འགོ་བཙུགས་ཏེ་བདུན་ཕྲག་བཞིའི་རིང་མངའ་སྡེ་དེའི་ནང་གནས་སྡོད་བྱེད་མཁན་ཡོངས་ལ་ཆམ་རིམས་འགོག་ཁབ་ Flu དེ་རིན་མེད་དུ་རྒྱག་འཆར་ཡོད་འདུག
མ་ཚད་ནིའུ་སའོ་ཐི་ཝལ་མངའ་སྡེ་དང་། ཝི་ཊོ་རི་ཡ། ནུབ་ཕྱོགས་མངའ་སྡེ། ལྷོ་ཕྱོགས་མངའ་སྡེ། ཁུན་སི་ལན་ཌི་བཅས་ཀྱི་ནང་ཆམ་རིམས་འགོག་ཁབ་དེ་སྤྱིར་སྟངས་སྨན་པ་ (GP) དང་། སྨན་བཅོས་ཁང་ Pharmacy བཅས་ནས་རིན་མེད་དུ་རག་གི་ཡོད་པ་རེད།
ཨོ་སི་ཊོ་ལི་ཡ་གཞུང་གིས་ཏོག་དབྱིབས་དང་འབྲེལ་བའི་བསླུ་བྲིད་ཁག་ལ་གཟབ་དགོས་པའི་ཉེན་བརྡ་བཏང་འདུག
བསླུ་བྲིད་རྟོགས་ཞིབ་ནས་ཤེས་རྟོགས་བྱུང་བར་ལྟར་ན་ཏོག་དབྱིབས་ན་ཚ་ཁྱབ་བརྡལ་འགོ་བཙུགས་པ་ནས་བཟུང་ཏོག་དབྱིབས་ན་ཚ་དང་འབྲེལ་བའི་བསླུ་བྲིད་གནས་ཚུལ་ཁག་ ༦༤༡༥ ཙམ་ཤེས་རྟོགས་བྱུང་བ་དང་དེའི་ཐོག་ནས་ཨོ་སྒོར་ས་ཡ་ ༡ ཙམ་བོར་བརླག་ཏུ་ཕྱིན་ཡོད་སྐོར་བརྗོད་འདུག རྒྱུན་ལྡན་གྱི་བསླུ་བྲིད་མགོ་སྐོར་ཁག་ཅིག་ནི་དྲ་ཐོག་ཅ་དངོས་ཉོ་བ་དང་སྒེར་གྱི་གནས་ཚུལ་སོགས་ཀྱི་བརྒྱུད་ནས་དྲ་ཐོག་ནས་དངུལ་བསླུ་བྲིད་བརྐུ་འཁྱེར་བྱེད་བཞིན་ཡོད་འདུག
གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས།
གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།
ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས།
ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས།
རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས།
གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས།
ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས།
ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.