མེལ་བྷོན་དུ་ཁྱིམ་སྡོད་བཀའ་རྒྱ་མཇུག་སྒྲིལ་བ་དང་ཁོན་ཊ་སི་ Qantas མཁའ་འགྲུལ་ལས་ཁུངས་ཀྱིས་རྒྱལ་སྤྱིའི་འགྲིམ་འགྲུལ་ཞབས་ཞུ་བསྐྱར་དུ་འགོ་འཛུགས་འཆར།

འདི་ནི་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༢ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

Melbourne emerges from lockdown.

Melbourne has emerged from the world's longest lockdown, and as vaccination rates continue to rise. Source: AAP

  • ཝི་ཊོ་རི་ཡ་མངའ་སྡེས་ཁྱིམ་སྡོད་བཀའ་རྒྱ་མཇུག་སྒྲིལ་རྗེས་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༢༡༨༩ ཐོན་ཡོད་པ་རེད། 
  • ཁོན་ཊ་སི་ Qantas མཁའ་འགྲུལ་ཞབས་ཞུ་ཁང་གིས་རྒྱལ་སྤྱིའི་མཁའ་འགྲུལ་ཞབས་ཞུ་བསྐྱར་དུ་འགོ་འཛུགས་འཆར། 
  • སྲིད་བློན་སི་ཀོ་ཊི་མོ་རེ་སོན་མཆོག་གིས་སིངྒ་པུར་དང་འགྲིམ་འགྲུལ་འགོ་འཛུགས་བྱ་འཆར་ཡོད་སྐོར་གསུངས་འདུག

 ཝི་ཊོ་རི་ཡ། Victoria

ཝི་ཊོ་རི་ཡའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༢༡༨༩ ཐོན་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་མི་གྲངས་ ༡༦ འདས་གྲོངས་སུ་ཕྱིན་འདུག མེལ་བྷོན་ནི་འཛམ་གླིང་ནང་ཁྱིམ་སྡོད་བཀའ་རྒྱའི་དུས་ཡུན་རིང་ཤོས་དེ་ཆགས་ཡོད་པ་རེད། 

ཕྱི་ཟླ་་༡༠ ཚེས་ ༣༠ ཉིན་མངའ་སྡེའི་ནང་མི་གྲངས་བརྒྱ་ཆ་ ༨༠ ཙམ་ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་རྒྱག་ཚར་རྒྱུའི་ཚོད་པག་དང་། དེ་ནི་ཕྱི་ཟླ་ ༡༡ ཚེས་ ༥ ལ་དམིགས་འབེན་ལས་བདུན་ཕྲག་གཅིག་གི་སྔོན་ལ་ཚར་གྱི་ཡོད་པ་རེད། 

ཝི་ཊོ་རི་ཡའི་སྲིད་བློན་ཌེ་ནལ་ཨན་ཌེ་རུས་ Daniel Andrews ཡིས་ཕྱི་ཟླ་ ༡༡ ཚེས་ ༡ ནས་ཨོ་སི་ཊོ་ལི་ཡའི་མི་སེར་རྒྱལ་ཁབ་གཞན་ནས་འབྱོར་མཁན་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་ཚེ་ཟུར་བཀག་དུ་སྡོད་དགོས་ཀྱི་མེད་སྐོར་གསུངས་འདུག

དྲ་ཐག་འདི་ནས་  ཁྱེད་རང་གི་ཏོག་དབྱིབས་འགོག་ཁབ་ཐོ་འགོད་བྱོས།

ནིའུ་སའོ་ཐི་ཝལ་མངའ་སྡེ། New South Wales  

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༣༤༥ ཐོན་ཡོད་པ་དང་། ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་མི་ ༥ འདས་གྲོངས་སུ་ཕྱིན་འདུག་པས་དེས་མངའ་སྡེའི་ནང་སླར་ཡང་ཁྱིམ་སྡོད་བཀའ་རྒྱ་བསྡམས་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་རེད། 

དེ་རིང་ཞོགས་པ་ནིའུ་སའོ་ཐི་ཝལ་མངའ་སྡེའི་སྲིད་བློན་ཌོ་མི་ནིང་ཁེ་ཕི་རོ་ཊི་ Dominic Perrottet ཡིས་ Qantas མཁའ་འགྲུལ་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་པ་ལྟར་བདུན་ཕྲག་རྗེས་མ་ནས་ལས་ཀ་འགོ་འཛུགས་ཀྱིས་རྒྱལ་སྤྱིའི་མཁའ་འགྲུལ་མང་དུ་གཏོང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། 

སྲིད་བློན་སི་ཀོ་ཊི་རོ་མེ་སོན་མཆོག་གིས་གཞུང་གི་ངོས་ནས་སིངྒ་པུར་དང་འགྲིམ་འགྲུལ་ཐད་བདུན་ཕྲག་རྗེས་མ་ནས་གཏན་འཁེལ་ཐུབ་རྒྱུའི་རེ་བ་ཡོད་སྐོར་གསུངས་འདུག

དྲ་ཐག་འདི་ནས་  ཁྱེད་རང་གི་ཉེ་འཁྲིས་སུ་ཏོག་དབྱིབས་འགོག་ཁབ་རྒྱག་ས་འཚོལ།

རྒྱལ་ས་མངའ་ཁུལ། ACT

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་ལོ་ན་ ༡༢ དང་དེའི་ཡན་གྱི་མི་གྲངས་བརྒྱ་ཆ་ ༨༤ ཙམ་ལ་ཏོག་དབྱིབས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་པ་དང་། ས་ཁུལ་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༣ ཐོན་ཡོད་པ་རེད། 

དྲ་ཐག་འདི་ནས་  ཁྱེད་རང་གི་ཏོག་དབྱིབས་འགོག་ཁབ་ཐོ་འགོད་བྱོས།

འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་ཨོ་སི་ཊོ་ལི་ཡ་ཁྱོན་དུ། Last 24 hours around Australia

  • ཁུན་སི་ལན་ཌིའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ཐོན་མེད་པ་རེད། འོན་ཀྱང་ས་གནས་ལུང་ཁུག་ཁག་ཏུ་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་གྲངས་ཚད་དམའ་མོ་ཡིན་པ་རེད། སང་ཉིན་རེས་གཟའ་སྤེན་པ་ཉིན་སློབ་གྲྭ་ཁག་ ༡༠༠ ཙམ་འགོག་ཁབ་རྒྱག་རྒྱུའི་ལས་རིམ་ནང་ཞུགས་འཆར་ཡོད་པ་རེད། 

ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ། 
ནིའུ་སའོ་ཐི་ཝལ་མངའ་སྡེ། NSW  and ཝི་ཊོ་རི་ཡ་མངའ་སྡེ། VIC  and རྒྱལ་ས་མངའ་ཁུལ། ACT  and བྱང་ཕྱོགས་མངའ་སྡེ། NT and ཁུན་སི་ལན་ཌི་མངའ་སྡེ། QLD and ལྷོ་ཕྱོགས་མངའ་སྡེ། SA and ཏཱ་སི་མ་ནིང་ཡ་མངའ་སྡེ། TAS and ནུབ་ཕྱོགས་མངའ་སྡེ། WA and 


གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་  ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་  ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།




  •   ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
  • མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས།  .  
  • ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།

ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག


ནིའུ་སའོ་ཐི་ཝལ་ངམའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། 
བྱང་ཕྱོགས་མངའ་སྡེ།  


ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།

ནིའུ་སའོ་ཐི་ཝལ་མངའ་སྡེ།  
ཝི་ཊོ་རི་ཡ་མངའ་སྡེ།  
ཁུན་སི་ལན་ཌི་མངའ་སྡེ།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ་མངའ་སྡེ། བྱང་ཁུལ་མངའ་སྡེ།  


 

Share
Published 22 October 2021 7:23pm
Updated 22 October 2021 8:33pm


Share this with family and friends