- NSW ནིའུ་སོ་ཐི་ཝལ་མངའ་སྡེས་ས་གནས་གཞུང་གི་ས་ཁུལ་ཁག་ལ་དམ་བསྒྲགས་འཕར་མ་བྱ་རྒྱུའི་གསལ་བསྒྲགས་བྱས།
- ཏོག་དབྱིབས་ནད་པ་དང་འབྲེལ་འདྲིས་ཞིབ་འཇུག་བརྒྱུད་ཝི་ཊོ་རི་ཡའི་གྲོང་ཁྱེར་ Shepparton ནང་ཏོག་དབྱིབས་ནད་པ་གསར་པ་ཞིག་ཐོན།
- ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་དུ་ཏོག་དབྱིབས་ནད་པ་གསར་པ་ ༡༢ ཐོན་པ།
- ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེས་ས་མཚམས་དམ་བསྒྲགས་ལྷོད་དུ་བཏང་།
ནིའུ་སོ་ཐི་ཝལ་མངའ་སྡེ། New South Wales
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་དེ་རིང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༦༤༤ ཐོན་ཡོད་པ་དང་། དེའི་ནང་ཉུང་མཐར་མི་གྲངས་ ༤༡ ནི་ཚོགས་སྡེ་ནང་ཁུལ་དུ་འགོས་ཁྱབ་ཕྱིན་པ་ཞིག་ཡིན་འདུག འགོག་ཁབ་ཐེངས་དང་པོ་རག་ཡོད་ཀྱང་མི་ ༤ འདས་གྲོངས་སུ་ཕྱིན་ཡོད་པ་རེད།
ས་གནས་གཞུང་གི་ས་ཁུལ་དུ་གནས་སྡོད་བྱེད་མཁན་དང་ཚོང་ལས་ཁག་ལ་སྒྲིག་གཞི་གསར་པ་ཁ་སྣོན་བྱས་ཡོད་ཅིང་། དེ་ཡང་ཕྱི་ཟླ་ ༨ ཚེས་ ༢༣ རེས་གཟའ་ཟླ་བ་མཚན་གུང་ཆུ་ཚོད་ ༡༢ དང་སྐར་མ་ ༡ ནས་དགོང་མོ་ཆུ་ཚོད་ ༩ པ་ནས་ཐོ་རངས་ཆུ་ཚོད་ ༥ པ་བར་ཐེམ་སྤང་བཀའ་རྒྱ་དང་། ཉིན་ལྟར་ཁང་པའི་ཕྱི་རོལ་དུ་ལུས་སྦྱོང་ཆུ་ཚོད་ ༡ ལས་མང་བ་བྱེད་ཆོག་གི་མེད་པ་རེད།
སིཌ་ནིང་ཁུལ་ལ་ཁྱིམ་སྡོད་བཀའ་རྒྱ་དེ་བཞིན་ཕྱི་ཟླ་ ༩ པའི་ཚེས་ ༣༠ བར་ཕར་འགྱང་བྱས་ཡོད་པ་རེད།
ཝི་ཊོ་རི་ཡ། Victoria
ཝི་ཊོ་རི་ཡའི་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ ༥༥ ཐོན་ཡོད་པ་དང་། དེའི་ནང་མི་གྲངས་ ༦ གི་ན་ཚ་འགོས་སའི་འབྱུང་ཁུངས་ཤེས་རྟོགས་ཐུབ་མེད་པ་རེད། མི་གྲངས་ ༣༠ ནི་ཚོགས་སྡེ་ནང་ཁུལ་དུ་འགོས་ཁྱབ་བྱུང་བ་ཡིན་འདུག
ཝི་ཊོ་རི་ཡའི་གྲོང་ཁྱེར་ Shepparton ཁུལ་དུ་བརྟག་དཔྱད་སྐབས་ཏོག་དབྱིབས་ནད་པ་གསར་པ་ཞིག་ཐོན་ཡོད་སྐོར་འཕྲོད་བསྟེན་མི་སྣས་འགྲེལ་བརྗོད་གནང་འདུག
དྲ་ཐག་འདི་ནས་ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་འགོག་ཁབ་རྒྱག་སའི་ས་གནས་ཁག་ལ་གཟིགས་རོགས་ .
ཨོ་སི་ཊོ་ལི་ཡ་རྒྱལ་ས་མངའ་ཁུལ། Australian Capital Territory
ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ལ་ཏོག་དབྱིབས་ནད་པ་གསར་པ་ ༡༢ ཐོན་ཡོད་པ་དང་། དེའི་ནང་ནད་པ་གཅིག་ད་ལྟའི་ཆར་ཞིབ་འཇུག་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེན་བྷེ་རའི་ནང་ཏོག་དབྱིབས་ནད་པ་གྲངས་ ༩༤ ཡོད་འདུག
ཨོ་སི་ཊོ་ལི་ཡ་ཁྱོན་ལ་འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་གི་གནས་ཚུལ།
- བྱང་ཕྱོགས་མངའ་སྡེ་དང་ཁུན་སི་ལན་ཌི་གནས་ནང་ས་གནས་སུ་ཏོག་དབྱིབས་ནད་པ་གསར་པ་ཐོན་མེད་པའི་གཉིས་གྲངས་ ༢ པ་དེ་འགྲོ་བཞིན་ཡོད་པ་རེད།
- ཨོ་སི་ཊོ་ལི་ཡ་ལྷོ་ཕྱོགས་མངའ་སྡེས་བྱང་ཕྱོགས་མངའ་སྡེ་དང་ཁུན་སི་ལན་ཌི་གཉིས་ཀྱི་ས་མཚམས་ཁག་སྒོ་པྱེས་ཡོད་པ་རེད།

Source: ALC
ཟུར་བཀག་དང་། འགྲུལ་བཞུད། སྨན་ཁང་ནང་བརྟག་དཔྱད་དང་ནད་ཡམས་གོད་ཆགས་ཀྱི་རོགས་དངུལ།
གལ་སྲིད་ཁྱེད་རང་ལ་རྒྱལ་ཁབ་གཞན་ལ་འགྲུལ་བཞུད་བྱ་འདོད་ཡོད་ཚེ་ཕལ་་ཆེར་དྲ་ཐོག་ནས་ཐོ་འགོད་སྙན་ཞུ་འབུལ་ཆོག དྲ་ཐག་འདི་ནས་ ཨོ་སི་ཊོ་ལི་ཡ་ནང་ཐོན་པར་ཆ་རྐྱེན་ག་རེ་ཚང་དགོས་མིན་སྐོར་ཞིབ་ཕྲ་གནས་ཚུལ་ལ་གཟིགས། རྒྱལ་སྤྱིའ་འགྲིམ་འགྲུལ་ཐད་ཨོ་སི་ཊོ་ལི་ཡ་གཞུང་གིས་གནས་སྐབས་ཀྱི་སྒྲིག་གཞི་ཁག་དྲ་ཚིགས་ ཐོག་གནས་ཚུལ་དུས་ནས་དུས་སུ་གནས་ཚུལ་གསར་སྣོན་བྱེད་བཞིན་ཡོད།
- ཞེས་པའི་དྲ་ཚིགས་འདིའི་ཐོག་གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་སྤེལ་བཞིན་ཡོད།
- མངའ་སྡེ་དང་ས་ཁུལ་སོ་སོའི་འབྲེལ་ཡོད་གནས་ཚུལ་ཁག་གཤམ་གྱི་དྲ་ཐག་དེ་དག་ནས་གཟིགས་རོགས། , , , , , , .
- ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .
ནིའུ་སོ་ཐི་ཝལ་མངའ་སྡེའི་ནང་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་བྱས་པའི།
ནད་སྲུང་འགོག་ཁབ་དང་འབྲེལ་བའི་མིང་ཚིག་རེའུ་མིག དུས་ཆད་དྲན་སྐུལ་ལག་ཆ། .
མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག
ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ཆགས་སྐབས་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་རོགས་དངུལ་གནས་ཚུལ།