ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ XE ཟེར་བའི་ན་ཚ་གསར་པ་དེ་འགོས་མཁན་ཞིག་ཤེས་རྟོགས་བྱུང་ཡོད་འདུག

Queues of people are seen at the Virgin and Jetstar departure terminal at at Sydney Domestic Airport in Sydney, Wednesday, April 13, 2022. (AAP Image/Bianca De Marchi) NO ARCHIVING

Passengers wait at Sydney Airport in New South Wales. (file) Source: AAP Image/Bianca De Marchi

ནིའུ་སའོ་ཐི་ཝལ་མངའ་སྡེས་ཏོག་དབྱིབས་ན་ཚ་གསར་པ་ XE ཟེར་བ་དེ་འགོས་ཡོད་པའི་ནད་པ་གསར་པ་ཞིག་ཐོན་ཡོད་སྐོར་བརྗོད་འདུག་པ་དང་། གཞན་ཡང་ཉེ་ཆར་ཕྱི་ཟླ་ ༤ པའི་ཚེས་ ༩ ཉིན་རྒྱལ་ཁབ་གཞན་ནས་ཕྱིར་ལོག་བྱེད་མཁན་ཞིག་ལ་ཏོག་དབྱིབས་ན་ཚ་  BA.1དང་ BA.2 གཉིས་མཉམ་དུ་འདུས་པའི་ནད་པ་ཞིག་ཐོན་ཡོད་སྐོར་བརྗོད་ཡོད། ཏོག་དབྱིབས་ན་ཚ་རིགས་དྲུག་ཙམ་འདུས་པའི་ BA.1དང་ BA.2 གཉིས་མཉམ་དུ་འདུས་པའི་ནད་པ་ཞིག་དེ་སྔོན་བདུན་ཕྲག་ ༤ ཙམ་གྱི་གོང་ནས་ངོས་འཛིན་བྱུང་ཡོད་ཀྱང་། ད་ཐེངས་ཀྱི་ཏོག་དབྱིབས་ན་ཚ་གསར་པ་ XE དེ་ནི་གོང་གསལ་ཏོག་དབྱིབས་ན་ཚ་རིགས་དེ་དག་གི་རྒྱུན་མིན་སྐོར་བརྗོད་འདུག ཏོག་དབྱིབས་ན་ཚ་གསར་པ་ XE སྐོར་ཞིབ་ཕྲ་གནས་ཚུལ་དྲ་ཐག་འདི་ནས་གཟིགས་་ 
ཝི་ཊོ་རི་ཡ་འཕྲོདད་བསྟེན་འགོ་ཁྲིད་ཚོས་ཆུ་ཉོག་ཚོད་ལྟ་ཞིག་གི་ནང་ནས་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་རྒྱུན་གསར་པ་ཞིག་ཤེས་རྟོགས་བྱུང་ཡོད་འདུག དེ་ནི་ཏོག་དབྱིབས་ཨོ་མེ་ཁོ་རིན་གྱི་རྒྱུན་ BA.4 དང་ཡང་ན་ BA.5 དེ་ཆགས་ཀྱི་ཡོད་པ་རེད། ན་ཚའི་རྒྱུན་ཕྱི་མ་དེ་ཉེ་བའི་ཆར་ལྷོ་ཨ་ཧྥ་རི་ཁ་དང་། བྷོ་སི་ཊི་ཝ་ནཱ། སྦེལ་ཇམ། ཌན་མག དེ་བཞིན་དབྱིན་ཡུལ་དང་འཇར་མན་བཅས་ཀྱི་ནང་མི་ཉུང་ཤས་ཤིག་ལ་ན་ཚ་དེ་འགོས་ཡོད་འདུག

ཡང་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེས་དེ་རིང་ཕྱི་ཟླ་ ༤ པའི་ཚེས་ ༡༥ མཚན་གུང་ཆུ་ཚོད་ ༡༢ དང་སྐར་མ་ ༡ ནས་བཟུང་ཁ་རས་གྱོན་དགོས་པའི་དམ་བསྒྲགས་ལྷོད་དུ་བཏང་ཡོད་འདུག འོན་ཀྱང་དབང་པོ་སྐྱོན་ཅན་གྱི་སྡོད་གནས་དང་། རྒན་གསོ་ཁང་། བཙོན་ཁང་ཁག སྦྱོང་བརྡར་ལྟེ་གནས། གཞན་ཡང་མི་མང་སྨན་ཁང་དང་སྒེར་གྱི་སྨན་ཁང་ཁག་གི་ནང་ཁ་རས་མུ་མཐུད་གྱོན་དགོས་ཀྱི་ཡོད་འདུག 

ད་དུང་ས་གནས་དེར་གནས་སྡོད་བྱེད་མཁན་ཚོས་འཕྲོད་བསྟེན་གྱི་ཞབས་ཞུ་སྟེ་གནས་ཁག་དཔེར་ན། སྨན་རྫས་ཚོང་ཁང་དང་། ནད་རིགས་བརྟག་དཔྱད་ཁང་། འགྲིམ་འགྲུལ་ཞབས་ཞུ་ཁག་དང་གནམ་ཐང་། གནམ་གྲུ་བཅས་ཀྱི་ནང་ངེས་པར་དུ་ཁ་རས་གྱོན་དགོས་ཀྱི་ཡོད་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སྨན་ཁབ་ཞིབ་འཇུག་ལྟེ་གནས་ཁང་གིས་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ལ་ཏོག་དབྱིབས་འགོག་ཁབ་རྒྱག་རྒྱུ་གལ་ཆེ་ཆུང་དང་ཁེ་ཕན་དང་ཉེན་ཁ་བསྡུར་བའི་དྲ་ཐོག་ནས་དཔྱད་ཞིབ་བྱེད་ས་ཞིག་བཟོས་འདུག གཤམ་གྱི་དྲ་ཐག་  འདི་ནས་ཁྱེད་རང་གིས་དཔྱད་ཞིབ་གནང་རོགས། 

ཨོ་སི་ཊོ་ལི་ཡའི་ནུ་ཕྱོགས་མངའ་སྡེའི་འཕྲོད་བསྟེན་འགོ་ཁྲིད་ཌོར་ཊར་ཨན་ཌེ་རོ་བྷར་སོན་ Dr Andy Robertson ལགས་ཀྱིས་ད་ལྟའི་ཆར་མངའ་སྡེའི་ནང་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་ནད་རླབས་དེ་ཡལ་འགྲོ་བཞིན་ཡོད་པས། མངའ་སྡེའི་གཞུང་གིས་ཁང་པའི་ནང་ལོགས་སུ་ཁ་རས་གྱོན་དགོས་པའི་སྒྲིག་གཞི་དེ་མེད་པ་བཟོ་རྒྱུ་བསམ་བློ་གཏོང་ནའང་འགྲིག་གི་ཡོད་སྐོར་གསར་ཁང་ ཡི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག 



 གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས། 



གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།



ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས། 



ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས། 

རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.    


Share

Published

Updated



Share this with family and friends