ཨོ་གླིང་ནང་ད་ལྟའི་ཏོག་དབྱིབས་ནད་རླབས་འདིར་ཕྱི་ཟླ་བཞི་པའི་ནང་གྲངས་འབོར་མཐོ་ཤོས་འཕར་སྲིད་པའི་ཚོད་དཔག

འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡ ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

People are tested for COVID-19 at a drive through facility in Sydney.

People are tested for COVID-19 at a drive through facility in Sydney. (file) Source: AAP Image/Damian Shaw

ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་སྲུང་སྐྱོབ་ཁང་ AHPP ནས་གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། ཉེ་ཆར་ཕྱི་ཟླ་ ༣ པའི་ཚེས་ ༡༡ ནས་ཚེས་ ༢༣ བར་ཏོག་དབྱིབས་ནད་པའི་གྲངས་འབོར་བརྒྱ་ཆ་ ༧༦ ཡར་འཕར་ཡོད་འདུག་པ་དང་། དེ་བཞིན་སྨན་ཁང་ནང་ལྷག་པའི་ཏོག་དབྱིབས་ནད་པའི་གྲངས་འབོར་ཀྱང་སྐབས་དེར་བརྒྱ་ཆ་ ༢༥ ཡར་འཕར་ཡོད་སྐོར་བརྗོད་འདུག 

ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་སྲུང་སྐྱོབ་ཁང་ AHPP ནས་ད་ལྟའི་ནད་རླབས་འདི་ཕྱི་ཟླ་ ༤ པའི་ཟླ་དཀྱིལ་ལ་ནད་པའི་གྲངས་འབོར་མཐོ་ཤོས་དེ་སླེབས་སྲིད་སྐོར་ཚོད་དཔག་བྱས་འདུག

སིཌ་ནིང་ནང་ཨེ་སི་ཊིས་ཝན་སན་ཊི་སྨན་ཁང་དེ་ཏོག་དབྱིབས་ནད་པ་སྨན་བཅོས་བྱེད་ས་གསར་པ་ཞིག་སྒོ་ཕྱེས་ཡོད་པ་དང་། དེ་དང་ཆབས་ཅིག་ཏོག་དབྱིབས་ན་ཚ་དྲག་བསྐྱེད་བྱུང་བ་ཁག་ཅིག་ཟླ་བ་གསུམ་གྱི་རྗེས་ལ་ཡང་བསྐྱར་ཏོག་དབྱིབས་འགོས་ཡོད་པའི་གནས་ཚུལ་ཐོན་འདུག ཏོག་དབྱིབས་ན་ཚ་འགོས་རྗེས་ནད་རྟགས་ནི་དབུག་ཧར་བ་དང་། གློ་རྒྱག་པ། ཐང་ཆད་པ། དོ་སྣང་དང་དྲན་པ་མི་གསལ་བའི་གནས་ཚུལ་སོགས་ཐོན་གྱི་ཡོད་འདུག

ཁུན་སི་ལན་ཌི་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་རྣམས་ཏོག་དབྱིབས་དྲག་སྐྱེད་བྱུང་ནས་བདུན་ཕྲག་ ༡༢ རྗེས་ཡང་བསྐྱར་བརྟག་དཔྱད་དང་ཟུར་བཀག་དུ་སྡོད་དགོས་ཀྱི་མེད་སྐོར་བརྗོད་འདུག

 དབྱིན་ཇིའི་སྨན་གྱི་སྐོར་དུས་དེབ་གསར་པ་  ནས་ཞིབ་འཇུག་གནས་ཚུལ་སྤེལ་གསལ་ལྟར་ན། ivermectin ཞེས་པའི་སྨན་རིགས་དེས་སྨན་ཁང་ནང་ལྷག་པའི་ཏོག་དབྱིབས་ནད་པའི་ན་ཚའི་ཉེན་ཁ་ཆུང་དུ་གཏོང་ཐུབ་ཀྱི་མེད་སྐོར་གསལ་འདུག Antiparasitic drug གཉན་འཇོམས་སྨན་རྫས་དེ་ཏོག་དབྱིབས་ན་ཚ་ལ་སྨོན་བཅོས་གལ་ཆེན་ཞིག་ཆགས་ཡོད་པ་རེད་འདུག


ཨོ་སི་ཊོ་ལི་ཡའི་ནང་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡ ཉིན་གྱི་ཏོག་དབྱིབས་ན་ཚའི་གྲངས་ཐོ། 

ད་ལྟའི་ཆར་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༡༣༤༥  སྨན་ཁང་ནང་ཡོད་ཅིང་། དེའི་ནང་ནད་པ་ ༤༬ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག དེ་རིང་ཏོག་དབྱིབས་ནད་པ་ ༢ འདས་གྲོངས་དང་ནད་པ་གསར་པ་ ༢༥༤༩༥ ཐོན་ཡོད།

ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་ ༣༡༠ སྨན་ཁང་ནང་ཡོད་ཅིང་དེའི་ནང་ནད་པ་ ༡༠༢ ཛ་དྲག་སྨན་བཅོས་དང་། ནད་པ་གསུམ་ལ་དབུག་སྣོན་དགོས་ཀྱི་ཡོད་འདུག དེ་རིང་ནད་པ་ ༦ འདས་གྲོངས་དང་ནད་པ་གསར་པ་ ༡༠༤༢༤ ཐོན་ཡོད་པ་རེད།

ཏཱ་སི་མ་ནི་ཨའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༢༡༠༨ ཐོན་ཡོད་འདུག་པ་དང་། ད་ལྟའི་ཆར་ནད་པ་ ༣༠ ད་ལྟའི་ཆར་སྨན་ཁང་ནང་ཡོད་འདུག འོན་ཀྱང་ཛ་དྲག་གི་ནད་པ་མེད་པས་མ་ཚད། དེ་རིང་ཏོག་དབྱིབས་ཀྱིས་རྐྱེན་པས་འདས་གྲོངས་ཀྱི་གནས་ཚུལ་བྱུང་མེད་པ་རེད།

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ལ་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༠༡༤  ཐོན་ཡོད་པ་དང་། ནད་པ་ ༢ ལ་དམིགས་བསལ་ཛ་དྲག་སྨན་བཅོས་དང་ད་ལྟའི་ཆར་ཁྱོན་ནད་པ་ ༤༦ སྨན་ཁང་ནང་ཡོད་འདུག དེ་རིང་ནད་པ་ ༡ འདས་གྲོངས་སུ་ཕྱིན་འདུག

ཁུན་སི་ལན་ཌིའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༠༧༢༢ ཐོན་ཡོད་པ་དང་། ནད་པ་ ༣ འདས་གྲོངས་སུ་ཕྱིན་འདུག ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༤༠༣ སྨན་ཁནང་ཡོད་ཅིང་དེའི་ནང་པ་ ༡༤ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག

ཨོི་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ ༨༧༣༡ དང་ད་ལྟའི་ཆར་སྨན་ཁང་ནང་ཏོག་དབྱིབས་ནད་པ་ ༢༡༡ དང་དེའི་ནང་ནད་པ་ ༡༡ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག དེ་རིང་གསར་དུ་ཏོག་དབྱིབས་ནད་པ་ ༢ འདས་གྲོངས་སུ་ཕྱིན་འདུག


 



ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 



ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་བརྟག་དཔྱད་བྱེད་ས་གཤམ་གྱི་མངའ་སྡེ་དང་ས་ཁུལ་སོ་སོའི་མིང་ཐོག་ནས་གཟིགས།



ཁྱེད་རང་ཉིད་ཀྱིས་ཏོག་དབྱིབས་བརྟག་དཔྱད་སྐབས་གལ་སྲིད་ནད་རྟགས་ཐོན་ཚེ་ཁྱེད་རང་གནས་སྡོད་བྱེད་ས་གཤམ་གསལ་མངའ་སྡེ་དང་ས་ཁུལ་གང་ཡིན་པ་དེ་ནས་ཐོ་འགོད་བྱེད་དགོས།



ཨོ་སི་ཊོ་ལི་ཡའི་ནང་ས་གནས་གང་དུ་ཡང་ཁྱེད་རང་གི་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 


རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་ལ་གཤམ་གྱི་དྲ་ཐག་དེ་ནས་འགྲིམ་འགྲུལ་གྱི་དགོས་མཁོ་དང་ལམ་སྟོན་ཁག་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

འདི་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས།


Share
Published 1 April 2022 3:22pm


Share this with family and friends