ཨོ་སི་ཊོ་ལི་ཡའི་ནང་གནས་སྤོ་བ་རྣམས་ཏོག་དབྱིབས་ན་ཚ་ལས་འདས་གྲོངས་སུ་འགྲོ་བའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་པ།

འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༡༨ ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

People wear face masks in Circular Quay in Sydney, Australia.

People wear face masks in Circular Quay in Sydney, Australia. Source: Getty Images AsiaPac

  • ཞིབ་འཇུག་སྙན་ཐོ་ལྟར་ན་དཀྱིལ་ཤར་རྒྱལ་ཁབ་ཁག་གི་ནང་ཕྲུ་གུ་སྐྱེ་བཞིན་པའི་གྲངས་འབོར་ནི་ཨོ་སི་ཊོ་ལི་ཡའི་ནང་ཕྲུ་གུ་སྐྱེ་བཞིན་པའི་གྲངས་འབོར་ལས་རྡབ་བཅུ་མང་བ་ཆགས་ཀྱི་ཡོད་སྐོར་གསལ་འདུག
  • ཨོ་སི་ཊོ་ལི་ཡས་འདས་པའི་ལོ་གཉིས་རིང་ཡུལ་སྐོར་སྤྲོ་འཆམ་བཀག་བསྡོམས་བྱས་རྗེས་བདུན་ཕྲག་རྗེས་མར་རྒྱལ་ཁབ་གཞན་ནས་ཡུལ་སྐོར་སྤྲོ་འཆམ་འགྲོ་འོངས་སྒོ་ཕྱེ་རྒྱུ་ཡིན་པ་རེད། འོན་ཀྱང་ཨོ་སི་ཊོ་ལི་ཡར་ཡུལ་སྐོར་སྤྲོ་འཆམ་མང་ཤོས་ཡོང་མཁན་རྒྱ་ནག་དེའི་ཁོངས་སུ་ཚུད་མེད་པ་རེད། 
  • ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་སླར་ཡང་མི་གྲངས་ ༣༨ འདས་གྲོངས་སུ་ཕྱིན་འདུག
  • ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་འདུ་འཛོམས་ཁག་ལ་གཞས་གཏོང་བ་དང་བྲོ་འཁྲབ་པ་སོགས་བྱེད་ཆོག་པ་བཟོ་རྒྱུ་དང་། དེའི་ནང་ཁང་པའི་ནང་ལོགས་ལ་མི་གཉིས་དབར་བར་ཐག་རྨིད་ ༢ བཞག་དགོས་ཀྱི་ཡོད་པ་རེད། དེ་ཡང་ QR མྱུར་མགྱོག་འཚོལ་བཤེར་དེ་མཚན་ཚོགས་དང་རོལ་དབྱངས་འདུ་འཛོམས་སོགས་ལ་མི་གྲངས་ ༡༠༠༠ འདུ་འཛོམས་བྱེད་སར་མ་གཏོགས་བཤེར་འབེབས་བྱེད་དགོས་ཀྱི་མེད་པ་རེད། 
  • ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་བདུན་ཕྲག་རྗེས་མ་ནས་བཟུང་ས་གནས་མང་ཆེ་བར་ཁ་རས་གྱོན་མི་དགོས་པ་བཟོ་འཆར་ཡོད་འདུག
  • བདུན་ཕྲག་འདིའི་རེས་གཟའ་པ་སངས་ཉིན་གྱི་དགོང་མོ་ཆུ་ཚོད་ ༦ པ་ནས་བཟུང་ཝི་ཊོ་རི་ཡའི་ནང་མགྲོན་བསུ་ལྟེ་གནས་དང་སྤྲོ་སྐྱིད་ལྟེ་གནས་སོགས་དང་གཞན་ཡང་སློབ་གྲྭ་ཁག་དང་ལས་གནས་སོགས་ལ་མྱུར་མགྱོག་འཚོལ་བཤེར་ QR བཤེར་འབེབས་བྱེད་དགོས་ཀྱི་མེད་པ་རེད་འདུག
  • ཝི་ཊོ་རི་ཡའི་ནང་མྱུར་མགྱོག་འཚོལ་བཤེར་ QR དེ་ད་དུང་ཆང་ཁང་དང་ཟ་ཁང་སོགས་ལ་མུ་མཐུད་ལག་བསྟར་བྱེད་དགོས་ཀྱི་ཡོད་འདུག
  • རེས་གཟའ་པ་སངས་ཉིན་གྱི་དགོང་མོ་ཆུ་ཚོད་ ༦ པ་ནས་བཟུང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁུལ་ལ་ཚོང་ལས་ཞབས་ཞུ་ཚད་བཀག་ཚང་མ་ཕྱིར་བསྡུ་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ཞབས་བྲོ་སླར་ཡང་འཁྲབ་ཆོག་པའི་ཆོག་མཆན་སྤྲད་ཡོད་འདུག
  • ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་འཕར་བཞིན་པར་གདོང་ལེན་ཆེད། སྨན་ཁང་ཁག་གི་ནང་ཉིན་གཅིག་ལ་ཐུག་འཕྲད་བྱེད་པར་ཐེངས་གཉིས་དང་ཐེངས་རེར་ཆུ་ཚོད་ ༢ རེ་ལས་སྡོད་མི་ཆོག་པ་དུས་ཚོད་ཉུང་འཕྲི་བྱས་ཡོད་འདུག
ཏོག་དབྱིབས་ནད་པའི་གྲངས་ཐོ།

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༡༣༨༡ སྨན་ཁང་ནང་ལྷག་ཡོད་པ་དང་། དེའི་ནང་ནད་པ་ ༩༢ ཛ་དྲག་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་འདུག དེ་རིང་ཏོག་དབྱིབས་ནད་པ་ ༡༥ འདས་གྲོངས་དང་ནད་པ་གསར་པ་མི་གྲངས་ ༩༢༤༣ ཐོན་ཡོད་འདུག

ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་ ༤༥༡ སྨན་ཁང་ནང་ལྷག་ཡོད་ཅིང་དེའི་ནང་ནད་པ་ ༦༤ ཛ་དྲག་ཆགས་ཡོད་འདུག དེའི་ནང་ནད་པ་ ༡༦ དབུག་སྣོན་ལ་བརྟེན་ཡོད་འདུག དེ་རིང་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༡༤ འདས་གྲོངས་དང་ཏོག་དབྱིབས་ནད་པ་གསར་པ་མི་གྲངས་ ༦༩༣༥ ཐོན་ཡོད་འདུག

ཁུན་སི་ལན་ཌི་མངའ་སྡེའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༥༧༩༥ ཐོན་ཡོད་འདུག་པ་དང་མི་གྲངས་ ༩ འདས་གྲོངས་སུ་ཕྱིན་ཡོད་འདུག ད་ལྟའི་ཆར་ཁྱོན་ཏོག་དབྱིབས་ནད་པ་ ༤༠༨ སྨན་ཁང་ནང་ཡོད་པའི་ནང་ནད་པ་ ༣༤ ཛ་དྲག་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་འདུག

ཏཱ་སི་མ་ནིང་ཡའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༦༢༣ ཐོན་ཡོད་ཀྱང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་མེད་པ་རེད་འདུག ཏོག་དབྱིབས་ནད་པ་ ༡༡ སྨན་ཁང་ནང་ཡོད་པའི་ནང་ནད་པ་ ༢ ཛ་དྲག་ཆགས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁེམ་བྷེ་རིའི་ནང་ཏོག་དབྱིབས་ནད་པ་ ༤༥ སྨན་ཁང་ནང་ཡོད་ཅིང་དེའི་ནང་ནད་པ་ ༢ ཛ་དྲག་ལྟ་རྟོགས་དགོས་ཀྱི་ཡོད་པ་དང་། དེ་རིང་ཏོག་དབྱིབས་ནད་པ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་མེད་ཀྱང་། ཏོག་དབྱིབས་ནད་པ་གསར་པ་ ༥༦༡ ཐོན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༤༧༩ ཐོན་ཡོད་ཀྱང་དེ་རིང་ཏོག་དབྱིབས་ནད་པ་གཅིག་ཀྱང་འདས་གྲོངས་སུ་ཕྱིན་མེད་པ་རེད་འདུག ད་ལྟའི་ཆར་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༡༧༧ སྨན་ཁང་ནང་ཡོད་པའི་ནང་ནད་པ་ ༡༣ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག

ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྐོར་ཞིབ་ཕྲ་གནས་ཚུལ་བོད་ཡིག་ནང་འདི་ནས་གཟིགས་རོགས། .


ཨོ་སི་ཊོ་ལི་ཡའི་མངའ་སྡེ་མང་པོ་ཞིག་གིས་ཏོག་དབྱིབས་ན་ཚ་འགོས་ཡོད་ཚེ་དྲ་ཐོག་ནས་ཐོ་འགོད་བྱེད་ས་བཟོས་ཡོད།   

  • ཊི་རོ་རི་ཡ། 
  • ནིའུ་སའོ་ཐིཝ་ལལ་མངའ་སྡེ། 
  • ཁུན་སི་ལན་ཌི། 
  • ལྷོ་ཕྱོགས་མངའ་སྡེ། 
  • ཏཱ་སི་མ་ནིང་ཡ།
  • བྱང་ཕྱོགས་ས་ཁུལ། 

མངའ་སྡེ་ནས་མངའ་སྡེ་དབར་བཀག་བསྡོམས་དང་ཟུར་བཀག 

ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་དེའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་འདི་ནས་གཟིགས། 

འགྲིམ་འགྲུལ།

 དང་ཏོག་དབྱིབས་ནད་ཡམས་དེ་བཞིན་འགྲིམ་འགྲུལ་བཅས་ཀྱི་སྐོར་སྐད་ཡིག་ཁག་གི་ནང་གཤམ་གྱི་དྲ་ཐག་འདི་ནས་གཟིགས།

དཔལ་འབྱོར་རོགས་རམ།

མངའ་སྡེ་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ལ་ཟིན་དུས་གོད་ཆགས་རོགས་དངུལ་འགྱུར་བ་བཏང་ཡོད། ཏོག་དབྱིབས་ནད་ཡམས་སྐབས་སུ་རོགས་རམ་སྐོར་ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས། 


ནིའུ་སའོ་ཐི་ཝལ་མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁག


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག

ནིའུ་སའོ་ཐིཝ་ལ།  
ཝི་ཊོ་རི་ཡ།  
ཁུན་སི་ལན་ཌི།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ། 
བྱང་ཕྱོགས་མངའ་ཁུལ། 


Share
Published 18 February 2022 4:29pm
Updated 18 February 2022 5:16pm


Share this with family and friends