ཏོག་དབྱིབས་ན་ཚ་འཕར་བཞིན་པར་བརྟེན་ཨོ་སི་ཊོ་ལི་ཡའི་མི་མང་རྣམས་ལ་འགོག་ཁབ་གསུམ་པ་རྒྱག་དགོས་པའི་འབོད་སྐུལ།

འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡༨ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ན་ཚ་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

A woman is seen receiving her COVID-19 vaccination in Melbourne.

ATAGI has updated its advice on COVID-19 vaccination. Source: AAP

  • ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་འགོ་ཁྲིད་ཚོས་ཏོག་དབྱིབས་འགོག་ཁབ་གསུམ་པ་མ་རག་མཁན་ཚོར་འགོག་ཁབ་གསུམ་པ་དེ་རྒྱག་དགོས་པའི་འབོད་སྐུལ་དང་འབྱུང་འགྱུར་བདུན་ཕྲག་དེ་ཚོའི་ནང་ཏོག་དབྱིབས་ན་ཚ་འཕར་སྲིད་སྐོར་བརྗོད་འདུག
  • ཏོག་དབྱིབས་ཨོ་མེ་ཁོ་རོན་ BA.2 དེ་བཞིན་ BA.1 ལས་ཀྱང་འགོས་ཁྱབ་འགྲོ་མགྱོག་བ་ཡོད་པའི་ངོས་འཛིན་དང་། དེས་ཏོག་དབྱིབས་ན་ཚ་འགོས་ཁྱབ་ཀྱི་གྲངས་འབོར་མངོན་གསལ་འཕར་སྲིད་སྐོར་བརྗོད་འདུག
  • ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལྷན་ཁང་གི་ཡིག་ཆར་ལྟར་ན། ལོ་ན་ ༡༦ ལས་བརྒལ་བ་བརྒྱ་ཆ་ ༦༦ ལ་ཏོག་དབྱིབས་འགོག་ཁབ་གཉིས་ལས་མང་བ་རག་ཚར་ཡོད་པ་གསལ་ཡོད་པ་རེད།
  • བྷུ་སི་ཊར་ Booster ཤུགས་སྣོན་སྨན་ཁབ་དེ་བཞིན་མ་བརྒྱབ་ཀ་མེད་ཀྱིས་ཁྲིམས་སྒྲིག་ཅིག་མིན་ནའང་། ཏོག་དབྱིབས་འགོས་ཁྱབ་ལ་གདོང་ལེན་ཆེད་ལོ་ན་ ༡༦ ལས་བརྒལ་བ་ཚང་མས་རྒྱག་དགོས་པའི་འབོད་སྐུལ་གནང་འདུག
  • ཨོ་གླིང་ལྷོ་ཕྱོགས་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་ University of South Australia གི་ནད་དཔྱད་རིག་པ་བ་ཨ་ཌརན་ Adrian Esterman ལགས་ཀྱིས་ཨོ་གླིང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ཨོ་མེ་ཁོ་རོན་གྱི་རྒྱུན་གཉིས་པ་ BA.2 དེ་འགོས་ཁྱབ་ཤུགས་ཆེ་འགྲོ་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག
  • འཛམ་གླིང་མི་འབོར་མང་ཤོས་ཡིན་པའི་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་དེ་སྔོན་ཏོག་དབྱིབས་ན་ཚ་ ༢༠༡༩ ཐོག་མ་འགོས་ཁྱབ་བྱུང་སྐབས་ནས་མ་འོངས་པར་རྒྱ་ནག་གིས་ཏོག་དབྱིབས་འགོས་ཁྱབ་ཀླད་ཀོ་ཐབས་བྱུས་བཟུང་རྒྱུ་ཡིན་སྐོར་བརྗོད་ཡོད། 
  • ཨོ་མེ་ཁོ་རོན་འགོས་ཁྱབ་ཤུགས་ཆེ་འགྲོ་བཞིན་པ་དེས་འགོས་ཁྱབ་བཀག་འགོག་ཐབས་བྱུས་ལ་དཀའ་ངལ་ཤུགས་ཆེ་སྤྲོད་བཞིན་ཡོད་པ་དང་། མི་འབོར་ས་ཡ་ ༡༧་༥ ཙམ་གནས་སྡོད་བྱས་ཡོད་པའི་རྒྱ་ནག་གི་ཧྲན་ཀྲིན་གྲོང་ཁྱེར་དེ་དབང་འཛིན་པ་ཚོས་བཀག་བསྡོམས་བྱེད་བཞིན་ཡོད།
  • འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་ཡིན་པའི་ལུང་པ་དེར་བདུན་ཕྲག་གསུམ་ཙམ་གྱི་གོང་ནས་ཉིན་ལྟར་མི་གྲངས་ ༡༠༠ ཙམ་རེར་ཏོག་དབྱིབས་ན་ཚ་འགོས་བཞིན་ཡོད་པའི་གནས་ཚུལ་ཐོན་པ་དང་། བདུན་ཕྲག་རེར་མི་གྲངས་ ༡༠༠༠ ཙམ་རེར་ཏོག་དབྱིབས་ན་ཚ་འགོས་བཞིན་ཡོད་པ་རེད། 
  • རྒྱ་ནག་གི་རྒྱལ་ཁབ་འཕྲོད་བསྟེན་ལྷན་ཚོགས་ནས་ཁ་སང་རེས་གཟའ་ཕུར་བུ་ཉིན་ཁྱོན་མོ་གྲངས་ ༢༤༠༠ ཙམ་ལ་གསར་དུ་ཏོག་དབྱིབས་ན་ཚ་འགོས་ཡོད་སྐོར་དང་། རྒྱ་ནག་རྒྱལ་ཡོངས་སུ་ཁྱོན་མི་གྲངས་ས་ཡ་མང་པོ་ཞིག་རང་ཁྱིམ་དུ་སྡོད་དགོས་པའི་བཀའ་བཏང་ཡོད་འདུག
ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ན་ཚའི་སྐོར་གྲངས་ཐོ། 

ད་ལྟའི་ཆར་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༡༠༦༠ སྨན་ཁང་ནང་ཡོད་ཅིང་། དེའི་ནང་ནད་པ་ ༣༢ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག དེ་རིང་ཏོག་དབྱིབས་ནད་པ་ ༦ འདས་གྲོངས་དང་ནད་པ་གསར་པ་ ༢༠༠༥༠ ཐོན་ཡོད།

ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་ ༡༩༩ སྨན་ཁང་ནང་ཡོད་ཅིང་དེའི་ནང་ནད་པ་ ༢༣ ཛ་དྲག་སྨན་བཅོས་དང་། ནད་པ་གསུམ་ལ་དབུག་སྣོན་དགོས་ཀྱི་ཡོད་འདུག དེ་རིང་ནད་པ་ ༩ འདས་གྲོངས་དང་ནད་པ་གསར་པ་ ༩༠༣༦  ཐོན་ཡོད་པ་རེད།

ཏཱ་སི་མ་ནི་ཨའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༧༧༩ ཐོན་ནས་ད་བར་མངའ་སྡེའི་ནང་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་དང་། ནད་པ་ ༢༣ ད་ལྟའི་ཆར་སྨན་ཁང་ནང་ཡོད་ཅིང་། དེའི་ནང་ནད་པ་ ༣  ཛ་དྲག་ལྟ་སྐྱོང་བྱེད་དགོས་ཀྱི་ཡོད་འདུག

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ལ་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༡༢༣  ཐོན་ཡོད་པ་དང་། ནད་པ་ ༤ ལ་དམིགས་བསལ་ཛ་དྲག་སྨན་བཅོས་དང་ད་ལྟའི་ཆར་ཁྱོན་ནད་པ་ ༣༧ སྨན་ཁང་ནང་ཡོད་འདུག

ཁུན་སི་ལན་ཌིའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༦༡༠༣ ཐོན་ཡོད་པ་དང་། ནད་པ་ ༡༡ འདས་གྲོངས་སུ་ཕྱིན་འདུག ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༢༤༥ སྨན་ཁནང་ཡོད་ཅིང་དེའི་ནང་པ་ ༢༠ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་དེ་རིང་ནད་པ་གསར་པ་ ༦༡༧༦ ཐོན་ཡོད་པ་དང་། ད་ལྟའི་ཆར་ནད་པ་ ༡༣༤ སྨན་ཁང་ནང་ཡོད་ཅིང་། དེའི་ནང་ནད་པ་ ༤ ལ་དམིགས་བསལ་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ད་ལྟའི་ཅར་ནད་པ་ ༡༣༦ སྨན་ཁང་ནང་ཡོད་ཅིང་། དེའི་ནང་ནད་པ་ ༥ ལ་ཛ་དྲག་སྨོན་བཅོས་དང་ནད་པ་ ༣ ལ་དབུག་སྣོན་བརྒག་ཡཀོད་པ་དང་། དེ་རིང་གསར་དུ་ནད་པ་གྲངས་ ༤༢༧༤ ཐོན་ཡོད་འདུག

ཨོ་སི་ཊོ་ལི་ཡའི་བྱང་ཕྱོགས་ས་ཁུལ་ལ་དེ་རིང་ནད་པ་གསར་པ་གྲངས་ ༢༥༨ ཐོན་ཡོད་པ་དང་། ད་ལྟའི་ཆར་ནད་པ་གྲངས་ ༢༡ སྨན་ཁང་ནང་ཡོད་འདུག

 


 


 



ཏོག་དབྱིབས་ནད་ཡམས་སྐོར་ཁྱེད་རང་གི་སྐད་ཡིག་ནང་འདི་ནས་ཀློགས།  



ཏོག་དབྱིབས་བརྟག་དཔྱད་བྱེད་སའི་སྨན་ཁང་ཁག 



གལ་སྲིད་ཁྱེད་རང་གི་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ནས་ནད་རྟགས་ཐོན་ཚེ་གཤམ་གྱི་མངའ་སྡེ་སོ་སོའི་ནས་ཐོ་འགོད་བྱོས། 



ཨོ་སི་ཊོ་ལི་ཡའི་ནང་ཁྱེད་རང་གིས་གང་ཞིག་བྱེད་ཆོག་པ་དང་གང་ཞིག་མི་ཆོག་པ་གཤམ་གྱི་དྲ་ཐག་འདི་ནས་གཟིགས།  

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་གྱི་རོགས་རམ་དགོས་ཚེ་གཤམ་གྱི་དྲ་ཐག་འདི་ནས་གཟིགས། 

ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་རོགས་རམ་སྐོར་ཞིག་ཕྲ་གནས་ཚུལ་འདི་ནས་གཟིགས། 



SBS དྲ་ཚིགས་ཐོག་ཡོད་པའི་ཏོག་དབྱིབས་ནད་ཡམས་སྐོར་ཁྱེད་རང་གི་སྐད་ཡིག་ནང་དྲ་ཚིགས་འདི་ནས་གཟིགས། .


Share
Published 18 March 2022 3:55pm
Updated 18 March 2022 4:48pm


Share this with family and friends