ཨོ་སི་ཊོ་ལི་ཡར་གནས་སྡོད་བྱེད་མཁན་རྣམས་ལ་འགོག་ཁབ་བཞི་པ་རྒྱག་དགོས་པའི་འབོད་སྐུལ་དང་འགྲིམ་འགྲུལ་སྒོ་ཕྱེས་པ།

འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༥ ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

Minister for Health Greg Hunt says it is safe to have influenza and COVID-19 vaccines at the same visit to vaccine administrators.

Minister for Health Greg Hunt says it is safe to have influenza and COVID-19 vaccines at the same visit to vaccine administrators. Source: AAP Image/Mick Tsikas

ཨོ་སི་ཊོ་ལི་ཡའི་སྔོན་འགོག་སྨན་ཁབ་ཀྱི་ཁྱད་མཁས་སློབ་སྟོན་ཚོགས་ཆུང་གིས་མི་རྣམས་ལ་ཏོག་དབྱིབས་ནད་ཡམས་ལས་ན་ཚ་ཁག་ཅིག་ཡོང་བའི་ཉེན་ཁ་ཡོད་པར་བརྟེན་ནམ་དུས་དགུན་ཁ་མ་ཚེས་གོང་འགོག་ཁབ་བཞི་པ་དེ་རྒྱག་དགོས་པའི་ལམ་སྟོན་གནང་འདུག

ཨོ་སི་ཊོ་ལི་ཡའི་སྔོན་འགོག་སྨན་ཁབ་ཀྱི་ཁྱད་མཁས་སློབ་སྟོན་ཚོགས་ཆུང་གིས་བྷུ་སི་ཊར་ Booster ཤུགས་སྣོན་སྨན་ཁབ་འཕར་མ་ཞིག་དེ་སྔོན་ཤུགས་སྣོན་སྨན་ཁབ་དེ་བརྒྱབ་ཚར་ནས་ཟླ་བ་བཞི་རྗེས་ལ་རྒྱག་དགོས་ཀྱི་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་ནང་ལོ་ན་ ༦༥ དང་དེའི་ཡན་དང་། དེ་བཞིན་ཨ་བྷོ་རི་ཇི་ནལ་དང་ཐོ་རེ་སི་གླིང་ཕྲན་གྱི་མི་ལོ་ན་ ༥༠ ཡི་སྒང་། ད་དུང་རྒན་གསོ་ཁང་དང་དབང་པོ་སྐྱོན་ཅན་སྡོད་གནས། གཞན་ཡང་ལོ་ན་ ༡༦ ཅན་རྣམས་ལ་དགུན་ཁའི་སྨན་ཁབ་དེ་བཞིན་རག་གི་ཡོད་འདུག

ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་བློན་ཆེན་གྷི་རི་ཧང་ཀྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་མི་རྣམས་དགུན་ཁའི་རིམ་ཆམ་ influenza ལས་སྲུང་སྐྱོབ་ཆེད་སྨན་ཁབ་ལ་མ་དངུལ་ཨོ་སྒོར་ས་ཡ་ ༡༠༠ ཙམ་གཏང་འཆར་ཡོད་སྐོར་བརྗོད་འདུག

ཡང་འཕྲོད་བསྟེན་བློན་ཆེན་མཆོག་གིས་ཨོ་སི་ཊོ་ལི་ཡའི་སྔོན་འགོག་སྨན་ཁབ་ཀྱི་ཁྱད་མཁས་སློབ་སྟོན་ཚོགས་ཆུང་གི་ལམ་སྟོན་ལུང་འདྲེན་གྱིས་མི་རྣམས་རིམ་ཆམ་འགོག་ཁབ་དང་ཏོག་དབྱིབས་འགོག་ཁབ་གཉིས་འགོག་ཁབ་རྒྱག་ས་དུས་གཅིག་ལ་བརྒྱབ་ནའང་བདེ་འཇགས་ཡིན་སྐོར་གསུངས་འདུག

འཕྲོད་བསྟེན་བློན་ཆེན་གྷི་རི་ཧང་ཀྲི་མཆོག་གིས་ཕྱི་ཟླ་ ༤ ཚེས་ ༡༧ ནས་བཟུང་འགྲུལ་པ་རྣམས་ཀྱིས་མཁའ་ཐོག་འགྲུལ་བསྐྱོད་མ་བྱས་གོང་གི་ཏོག་དབྱིབས་བརྟག་དཔྱད་དེ་བྱེད་དགོས་ཀྱི་མེད་སྐོར་གསལ་བསྒྲགས་གནང་འདུག

སིང་གྷ་པུར་གྱིས་ཕྱི་ཟླ་ ༤ ཚེས་ ༡ ནས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བ་རྣམས་རང་དབང་ཐོག་ནས་འགྲོ་འོངས་བྱེད་ཆོག་པ་བཟོས་ཀྱང་། ད་དུང་འགྲུལ་བཞུད་མ་བྱས་གོང་གི་བརྟག་དཔྱད་དེ་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག

དེ་རིང་ནས་བཟུང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཐོབ་ཐང་ཡོད་པའི་ཚོང་ལས་ཁག་དང་། ཁེ་མེད་ཀྱི་ཚོགས་པ་ཁག་གིས་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ RATs ལ་བརྒྱ་ཆ་ ༥༠ གཞུང་ནས་གུན་གསན་ཞུ་ཆོག་གི་ཡོད་འདུག



ཏོག་དབྱིབས་སྐོར་གྱི་གྲངས་ཐོ།

ད་ལྟའི་ཆར་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༡༡༨༢ སྨན་ཁང་ནང་ཡོད་ཅིང་། དེའི་ནང་ནད་པ་ ༤༢ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག དེ་རིང་ཏོག་དབྱིབས་ནད་པ་ ༧ འདས་གྲོངས་དང་ནད་པ་གསར་པ་ ༢༣༧༠༢ ཐོན་ཡོད།

ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་ ༡༢༥༣ སྨན་ཁང་ནང་ཡོད་ཅིང་དེའི་ནང་ནད་པ་ ༡༠ ཛ་དྲག་སྨན་བཅོས་དང་། ནད་པ་གསུམ་ལ་དབུག་སྣོན་དགོས་ཀྱི་ཡོད་འདུག དེ་རིང་ནད་པ་ ༩ འདས་གྲོངས་དང་ནད་པ་གསར་པ་ ༩༢༤༤  ཐོན་ཡོད་པ་རེད།

ཏཱ་སི་མ་ནི་ཨའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༨༢༥ ཐོན་ཡོད་འདུག་པ་དང་། ད་ལྟའི་ཆར་ནད་པ་ ༢༥ ད་ལྟའི་ཆར་སྨན་ཁང་ནང་ཡོད་འདུག

ཨོ་སི་ཊོ་ལི་ཡའི་རྒྱལ་ས་མངའ་ཁུལ་ལ་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༡༡༢༢  ཐོན་ཡོད་པ་དང་། ནད་པ་ ༣ ལ་དམིགས་བསལ་ཛ་དྲག་སྨན་བཅོས་དང་ད་ལྟའི་ཆར་ཁྱོན་ནད་པ་ ༤༢ སྨན་ཁང་ནང་ཡོད་འདུག

ཁུན་སི་ལན་ཌིའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༩༧༣༠ ཐོན་ཡོད་པ་དང་། ནད་པ་ ༣ འདས་གྲོངས་སུ་ཕྱིན་འདུག ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༢༦༥ སྨན་ཁནང་ཡོད་ཅིང་དེའི་ནང་པ་ ༡༤ ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག


 


 


ཏོག་དབྱིབས་འགོག་ཁབ་སྐོར་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 



ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་བརྟག་དཔྱད་བྱེད་ས་གཤམ་གྱི་མངའ་སྡེ་དང་ས་ཁུལ་སོ་སོའི་མིང་ཐོག་ནས་གཟིགས།



ཁྱེད་རང་ཉིད་ཀྱིས་ཏོག་དབྱིབས་བརྟག་དཔྱད་སྐབས་གལ་སྲིད་ནད་རྟགས་ཐོན་ཚེ་ཁྱེད་རང་གནས་སྡོད་བྱེད་ས་གཤམ་གསལ་མངའ་སྡེ་དང་ས་ཁུལ་གང་ཡིན་པ་དེ་ནས་ཐོ་འགོད་བྱེད་དགོས།



ཨོ་སི་ཊོ་ལི་ཡའི་ནང་ས་གནས་གང་དུ་ཡང་ཁྱེད་རང་གི་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 


རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་ལ་གཤམ་གྱི་དྲ་ཐག་དེ་ནས་འགྲིམ་འགྲུལ་གྱི་དགོས་མཁོ་དང་ལམ་སྟོན་ཁག་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

འདི་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་གཤམ་གྱི་དྲ་ཐག་དེ་ནས་གཟིགས།


Share
Published 25 March 2022 2:24pm
Updated 25 March 2022 3:15pm


Share this with family and friends