ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཕོག་ནས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་ ༡༠༠༠༠ ལ་ཉེ་བ།

འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༡ རེས་གཟའ་པ་སངས་ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

AAP Image/Mick Tsikas

People queue at Centrelink at Darlinghurst in Sydney. (file) Source: AAP Image/Mick Tsikas

དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༣༡ འདས་གྲོངས་སུ་ཕྱིན་ཡོད་སྐོར་བསྒྲགས་འདུག་པ་དང་། དེའི་ནང་ཝི་ཊོ་རི་ཨ་ནས་མི་གྲངས་ ༡༢ དང་། ནིའུ་སའོ་ཐི་ཝལ་མངའ་སྡེ་ནས་མི་གྲངས་ ༩ ཁུན་སི་ལན་ཌི་ནས་མི་གྲངས་ ༦ གཞན་ཡང་ནུབ་ཕྱོགས་མངའ་སྡེའི་ནང་མི་གྲངས་ ༢ བཅས་འདས་གྲོངས་སུ་ཕྱིན་ཡོད་འདུག

གྲངས་ཐོར་ལྟར་ན་ཕྱི་ལོ་ ༢༠༢༢ ཟླ་ ༡ ནང་ཏོག་དབྱིབས་ན་ཚ་ཁྱབ་པ་ནས་བཟུང་ད་བར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༩༨༩༧ འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང་། བདུན་ཕྲག་འདིའི་གཟའ་འཇུག་ཏུ་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་ཆིག་ཁྲི་ ༡༠༠༠༠ ལས་བརྒལ་སྲིད་སྐོར་ཚོད་དཔག་བྱེད་བཞིན་ཡོད་འདུག

དེ་རིང་ཨོ་སི་ཊོ་ལི་ཡ་དབུས་གཞུང་གི་འཕྲོད་བསྟེན་བློན་ཆེན་མཱར་ཁེ་བྷུ་ཊི་ལར་ Mark Butler ནས་མངའ་སྡེ་དང་ས་ཁུལ་ཁག་གི་འཕྲོད་བསྟེན་བློན་ཆེན་རྣམ་པར་ཚོགས་འདུ་བསྐོངས་ནས། ནད་འགོག་ནུས་པ་ཞན་པའི་མི་རྣམས་ལ་ཏོག་དབྱིབས་སྨན་བཅོས་བྱེད་ཕྱོགས་སྐོར་བཀའ་མོལ་གནང་ཡོད་འདུག
 
དབུས་འཕྲོད་བསྟེན་བློན་ཆེན་ནས་ཨོ་སི་ཊོ་ལི་ཡའི་ཤར་ཕྱོགས་ཁུལ་དུ་ཏོག་དབྱིབས་ནད་པ་གསར་པ་དང་། སྨན་ཁང་ནང་གི་ནད་པའི་གྲངས་འབོར། ད་དུང་ཛ་དྲག་གི་ནད་པའི་གྲངས་འབོར་བཅས་འཕར་སྲིད་སྐོར་ཉེན་བརྡ་བཏང་འདུག
 
དབུས་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་དགོངས་ཞུའི་རོགས་དངུལ་དེ་རིང་མཚམས་འཇོག་བྱས་ཡོད་འདུག་པ་དང་། རོགས་དངུལ་དེ་དེ་སྔོན་ཕྱི་ལོ་ ༢༠༢༠ ཟླ་ ༨ པ་ནས་འགོ་འཛུགས་བྱས་པ་ནས་བཟུང་ད་བར་ཁྱོན་གཞུང་གི་ཁྱོན་མ་དངུལ་ཨོ་སྒོར་ཐེར་འབུམ་ ༡་༨༩ བཏང་ཡོད་འདུག
 
ཨོ་སི་ཊོ་ལི་ཡའི་བྱང་ཁུལ་མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་གྲངས་ཚད་མཐོ་པོར་སོན་ཡོད་སྟབས། དེ་རིང་རེས་གཟའ་པ་སངས་ཉིན་མངའ་སྡེ་གཞུང་གིས་འགོག་ཁབ་རྒྱག་སའི་ལྟེ་གནས་ཁག་སྒོ་བརྒྱབ་ཡོད་འདུག འོན་ཀྱང་སྨན་ཁང་དང་སྨན་བཅོས་ཁང་། ཨ་བྷོ་རི་ཇི་ནལ་གྱི་འཕྲོད་བསྟེན་སྨན་ཁང་། རྒྱུན་དུ་བསྟེན་གཏུགས་བྱེད་སའི་སྨན་པ་བཅས་ནས་འགོག་ཁབ་མུ་མཐུད་རག་གི་ཡོད་འདུག
 
ཏཱ་སི་མ་ནིང་ཨ་མངའ་སྡེས་དེ་རིང་མཚན་མོ་ཆུ་ཚོད་ ༡༢ དང་སྐར་མ་ ༡ ཐོག་མི་མང་གི་འཕྲོད་བསྟེན་ཛ་དྲག་བཀའ་ཁྱབ་དེ་མཚམས་འཇོག་བྱ་རྒྱུ་ཡིན་འདུག འོན་ཀྱང་མི་མང་སྨན་ཁང་ཁག་གི་ནང་ཁ་རས་མུ་མཐུད་གྱོན་དགོས་ཀྱི་ཡོད་འདུག 
 
རེས་གཟའ་ཕུར་བུ་ཉིན་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཁུལ་ལ་མི་མང་སྤྱི་ཡོངས་ལ་ཏོག་དབྱིབས་འགོག་ཁབ་རྒྱག་པའི་ལས་རིམ་དེ་མཚམས་འཇོག་བྱས་ཡོད་ཀྱང་། ནད་འགོག་ནུས་པ་ཞན་པའི་མི་རྣམས་ལ་སྡོད་གནས་སུ་ཡོང་ནས་འགོག་ཁབ་རྒྱག་པའི་ལས་དོན་མུ་མཐུད་སྤེལ་རྒྱུ་ཡིན་འདུག
 
་ཕྱི་ཟླ་ ༧ ཚེས་ ༡ ནས་བཟུང་སྟེ་མངའ་སྡེ་དང་ས་ཁུལ་ཁག་ཅིག་གིས་ཉིན་རེའི་ཏོག་དབྱིབས་ནད་པའི་གྲངས་འབོར་སོགས་སྤྱི་ཚོགས་དྲ་རྒྱ་ཐོག་སྤེལ་རྒྱུ་མཚམས་འཇོག་བྱ་རྒྱུ་ཡིན་འདུག
 
ཉེ་བའི་བདུན་ཕྲག་ནང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་ PCR བྱེད་མཁན་བརྒྱ་ཆ་ ༧ ཙམ་ཡར་འཕར་ཡོད་འདུག་པ་དང་། ད་ལྟའི་ཆར་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་འགོག་ཁབ་གསུམ་པ་དེ་རག་མཁན་གྱི་མི་གྲངས་བརྒྱ་ཆ་ ༧༢ ལས་ཟིན་གྱི་མེད་པ་རེདའདུག
 
གཞན་ཡང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ན་ཚའི་རྒྱུན་ BA.4 དང་ཡང་ན་ BA.5 ཅན་དེ་ན་མཁན་གྱི་མི་འབོར་བརྒྱ་ཆ་ ༣༢ ནས་ ༣༥ བར་ཡར་འཕར་ཡོད་སྐོར་བརྗོད་འདུག
 
ཁུན་སི་ལན་ཌིའི་ནང་ཆམ་རིམས་འགོག་ཁབ་ Flu Vaccinations ཁག་ཕྱི་ཟླ་ ༧ ཚེས་ ༡༧ བར་རིན་མེད་དུ་རག་གི་ཡོད་འདུག
 

 

གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས། 



གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།

རྒྱལ་ས་མངའ་ཁུལ།    ནིའུ་སའོ་ཐི་ཝལ་མངའ་སྡེ།    བྱང་ཁུལ་མངའ་སྡེ།   ཁུན་སི་ལན་ཌི།    ལྷོ་ཕྱོགས་མངའ་སྡེ།    ཏཱ་སི་མ་ནིང་ཨ།    ཝི་ཊོ་རི་ཨ།    ནུབ་ཕྱོགས་མངའ་སྡེ།   



ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས། 

རྒྱལ་ས་མངའ་ཁུལ།་   ནིའུ་སའོ་ཐི་ཝལ་མངའ་སྡེ།    བྱང་ཁུལ་མངའ་སྡེ།   ཁུན་སི་ལན་ཌི།      ལྷོ་ཕྱོགས་མངའ་སྡེ།    ཏཱ་སི་མ་ནིང་ཨ།  ཝི་ཊོ་རི་ཨ།   ནུབ་ཕྱོགས་མངའ་སྡེ། 



ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས། 

རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.     


Share
Published 1 July 2022 3:38pm
Updated 1 July 2022 4:27pm


Share this with family and friends