ཨོ་གླིང་རྒྱལ་ཡོངས་སུ་ཏོག་ནད་ཀྱིས་རྐྱེན་པས་དེ་རིང་མི་གྲངས་ ༩༣ འདས་གྲོངས་སུ་ཕྱིན་འདུག

འདི་ནི་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༨ ཉིན་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

Paramedics tending to their ambulance outside St. Vincent hospital in Melbourne.

Paramedics tending to their ambulance outside St. Vincent hospital in Melbourne. Source: AAP

  • ཨོ་སི་ཊོ་ལི་ཡའི་ནང་དེ་རིང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༩༣ འདས་གྲོངས་སུ་ཕྱིན་ཏེ་ད་བར་དུས་ཡུན་ཆུ་ཚོད་ ༢༤ རིང་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་མཐོ་ཤོས་དེ་སླེབས་ཡོད་པ་རེད།
  • ལོ་ན་ ༡༦ དང་ ༡༧ ཅན་གྱི་ན་གཞོན་ཕི་ཛར་འགོག་ཁབ་སྔ་ཕྱི་གཉིས་ཀ་རག་ཚར་བ་རྣམས་ལ་བྷུ་སི་ཊར་ཤུགས་སྣོན་འགོག་ཁབ་དེ་རྒྱག་ཆོག་གི་ཡོད་པ་རེད།
  • ཝི་ཊོ་རི་ཡ་དང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ཆབ་སྲིད་པ་ཚོས་འབོད་སྐུལ་ལྟར་ཆེད་མཁས་མི་སྣ་ཚོས་འགོག་ཁབ་ཆ་ཚང་བརྒྱབ་ཚར་བ་ཞེས་པ་ནི་མི་རེར་འགོག་ཁབ་ཐེངས་གསུམ་བརྒྱབ་ཚར་ཡོད་མེད་ལ་བརྩི་དགོས་མིན་ཐད་བསམ་བློ་གཏོང་གིན་ཡོད་འདུག
  • ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཀྱི་གནད་ཡོད་མི་སྣ་ཚོས་ཨོ་སི་ཊོ་ལི་ཡའི་བྱང་ཁུལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཨོ་སི་ཊོ་ལི་ཡའི་དབུས་ཁུལ་དུ་ཏོག་དབྱིབས་འགོས་ཁྱབ་བཀག་འགོག་ཆེད་བཀག་རྒྱ་བསྡམས་དགོས་པའི་ཡོངས་ཁྱབ་འབོད་སྐུལ་ཡི་གེ་ཞིག་ཕུལ་འདུག
  • ཁ་སང་ཨོ་སི་ཊོ་ལི་ཡའི་བློན་ཆེན་ལྷན་ཚོགས་ཐེངས ༦༥ པའི་ཐོག མངའ་སྡེ་དང་ས་ཁུལ་ཁག་གི་སྙན་ཐོ་ཕུལ་བར་ལྟར་ན་ད་ལྟའི་ཆར་སྨན་ཁང་ཁག་ལ་གནོན་ཤུགས་དང་དམིགས་བསལ་ལྟ་རྟོགས་བྱེད་དགོས་པའི་ཏོག་དབྱིབས་ནད་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་ཡོད་འདུག
  • མངའ་སྡེ་མང་པོ་ནང་སློབ་མ་རྣམས་ཕྱིར་སློབ་གྲྭར་འགྲོ་རྒྱུར་འཆར་གཞི་མུ་མཐུད་གནས་ཡོད་པ་དང་། ནིའུ་སའོ་ཐི་ཝལ་མངའ་སྡེའི་སློབ་མ་ཚང་མ་བདུན་ཕྲག་རྗེས་མའི་ནང་ཕྱིར་སློབ་གྲྭར་བསྐྱོད་རྒྱུ་གཏན་འཁེལ་དང་། དེ་ཡང་ཏོག་དབྱིབས་སྟབས་བདེ་རྟགས་ཆས་ཀྱི་ས་གནས་དང་སྤྱི་བསྐྱོད་རླངས་འཁོར་དང་རི་ལིའི་ཞབས་ཞུ་གསར་པ་བཀོད་སྒྲིག་བྱས་ཡོད་སྐོར་གསལ་བསྒྲགས་གནང་འདུག
  • དེ་དང་ཆབས་ཅིག་ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ Rapid Antigen Tests ས་ཡ་ ༢ མངའ་སྡེའི་དང་། ཁ་ཐོ་ལིཁི་ Catholic དང་རང་དབང་ཅན་གྱི་སློབ་གྲྭ་ཁག་གི་ནང་འབྱོར་ཡོད་འདུག ཁྱོན་བརྟག་ཆས་ཡོ་བྱད་གྲངས་ས་ཡ་ ༦ སློབ་མ་རྣམས་སློབ་གྲྭར་མ་བསྐྱོད་གོང་འབྱོར་རྒྱུ་ཡིན་འདུག
  • ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་ ༡༨ འདས་གྲོངས་སུ་ཕྱིན་ནས་ད་བར་ཉིན་གཅིག་རིང་གི་གྲངས་འབོར་མཐོ་ཤོས་དེ་སླེབས་ཡོད་པ་དང་། དེའི་ནང་མི་གྲངས་ ༡༢ རྒན་གསོ་ཁང་ནས་ཡིན་འདུག
ཏོག་དབྱིབས་ནད་པའི་གྲངས་ཐོ།

  • དེ་རིང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༣༥ འདས་གྲོངས་སུ་ཕྱིན་འདུག་པ་དང་། མི་གྲངས་ ༢༧༣༧ སྨན་ཁང་ན་ལྷག་ཡོད་པས་མ་ཚད་དེའི་ནང་མི་གྲངས་ ༡༨༩ དམིགས་བསལ་ཛ་དྲག་ལྟ་རྟོགས་འོག་ལྷག་ཡོད་འདུག དེ་རིང་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་དེ་ ༡༣༣༣༣ ཡིན་པ་རེད།
  • ཝི་ཊི་རི་ཡ་མངའ་སྡེའི་ནང་ཏོག་དབྱིབས་ན་ཚའི་རྐྱེན་པས་དེ་རིང་མི་གྲངས་ ༣༩ འདས་གྲོངས་སུ་ཕྱིན་འདུག་པ་དང་། མི་གྲངས་ ༩༨༨  སྨན་ཁང་ནང་ལྷུང་ཡོད་པས་མ་ཚད་དེའི་ནང་མི་གྲངས་ ༡༡༤ དམིགས་བསལ་ཛ་དྲག་ལྟ་སྐྱོང་འོག་ལྷག་ཡོད་འདུག དེ་རིང་ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་དེ་ ༡༢༧༥༥  ཡིན་པ་རེད།
  • ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ན་ཚའི་རྐྱེན་པས་ད་ལྟའི་ཆར་མི་གྲངས་ ༨༡༨ སྨན་ཁང་ན་ལྷག་ཡོད་པ་དང་། མི་གྲངས་ ༥༤ ཛ་དྲག་ཆགས་ཡོད་འདུག དེ་རིང་ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་གསར་པའི་གྲངས་འབོར་དེ་ ༩༩༧༤ དང་མི་གྲངས་ ༡༨ འདས་གྲོངས་སུ་ཕྱིན་འདུག་
  • ཏཱ་སི་མ་ནིང་ཡའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༥༨༤ ཐོན་ཡོད་པ་དང་། གྲངས་འབོར་དེ་ནི་ཕྱི་ཟླ་ ༡ ཚེས་ ༣ ནས་བཟུང་དམའ་ཤོས་དེ་ཆགས་ཡོད་པ་རེད། ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༡༩ སྨན་ཁང་ནང་ལྷག་ཡོད་པ་དང་མི་ ༡ ཛ་དྲག་ཆགས་ཡོད་འདུག
ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་སྐོར་ཞིབ་ཕྲ་གནས་ཚུལ་བོད་ཡིག་ནང་འདི་ནས་གཟིགས་རོགས། .

ཨོ་སི་ཊོ་ལི་ཡའི་མངའ་སྡེ་མང་པོ་ཞིག་གིས་ཏོག་དབྱིབས་ན་ཚ་འགོས་ཡོད་ཚེ་དྲ་ཐོག་ནས་ཐོ་འགོད་བྱེད་ས་བཟོས་ཡོད།  

  • ཊི་རོ་རི་ཡ། 
  • ནིའུ་སའོ་ཐིཝ་ལལ་མངའ་སྡེ། 
  • ཁུན་སི་ལན་ཌི། 
  • ལྷོ་ཕྱོགས་མངའ་སྡེ། 
  • ཏཱ་སི་མ་ནིང་ཡ།
  • བྱང་ཕྱོགས་ས་ཁུལ། 

མངའ་སྡེ་ནས་མངའ་སྡེ་དབར་བཀག་བསྡོམས་དང་ཟུར་བཀག 

ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་དེའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་འདི་ནས་གཟིགས། 

འགྲིམ་འགྲུལ།

 དང་ཏོག་དབྱིབས་ནད་ཡམས་དེ་བཞིན་འགྲིམ་འགྲུལ་བཅས་ཀྱི་སྐོར་སྐད་ཡིག་ཁག་གི་ནང་གཤམ་གྱི་དྲ་ཐག་འདི་ནས་གཟིགས།

དཔལ་འབྱོར་རོགས་རམ།

མངའ་སྡེ་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ལ་ཟིན་དུས་གོད་ཆགས་རོགས་དངུལ་འགྱུར་བ་བཏང་ཡོད། ཏོག་དབྱིབས་ནད་ཡམས་སྐབས་སུ་རོགས་རམ་སྐོར་ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས། 


ནིའུ་སའོ་ཐི་ཝལ་མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁག


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག

ནིའུ་སའོ་ཐིཝ་ལ།  
ཝི་ཊོ་རི་ཡ།  
ཁུན་སི་ལན་ཌི།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ། 
བྱང་ཕྱོགས་མངའ་ཁུལ། 


Share
Published 28 January 2022 10:30pm
Updated 29 January 2022 2:02pm


Share this with family and friends