ཨོ་གླིང་ནུབ་ཕྱོགས་མངའ་སྡེའི་ནང་ཉིན་ལྟར་ཏོག་དབྱིབས་ནད་པ་གསར་པ་ ༡༥༠༠༠ ཙམ་རེར་ཐོན་བཞིན་པ།

འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༥་ཚེས་ ༡༣ རེས་གཟའ་པ་སངས་ཉིན་གྱི་ཨོ་གླིང་ནང་ཏོག་དབྱིབས་ན་ཚ་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

People wait outside a COVID testing clinic South of Brisbane, Wednesday, January 5, 2022. (AAP Image/Jono Searle) NO ARCHIVING

Queensland's hospitalisation number has declined from 597 on 13 April to 407 on 13 May. Source: AAP Image/Jono Searle

དེ་རིང་རེས་གཟའ་པ་སངས་ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་མི་གྲངས་ ༤༥ འདས་གྲོངས་སུ་ཕྱིན་ཡོད་པའི་གནས་ཚུལ་དང་། དེའི་ནང་ཝི་ཊོ་རི་ཡའི་ནང་མི་གྲངས་ ༡༨ དང་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་མི་གྲངས་ ༡༣ གཞན་ཡང་ཁུན་སི་ལན་ཌིའི་ནང་མི་གྲངས་ ༡༢ བཅས་ཆགས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་ཉིན་ལྟར་ཏོག་དབྱིབས་ནད་པ་གསར་པ་ ༡༥༥༦༥ ཙམ་རེར་ཐོན་བཞིན་ཡོད་འདུག་པ་དང་། གྲངས་འབོར་མཐོ་ཤོས་དེ་ཉེ་ཆར་རེས་གཟའ་ཕུར་བུ་ཉིན་ཏོག་དབྱིབས་ནད་པ་གསར་པ་ ༡༦༦༧༠ ཐོན་ཡོད་འདུག ཉེ་ཆར་མངའ་སྡེ་དེའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་མི་གྲངས་ ༣ འདས་གྲོངས་སུ་ཕྱིན་ཡོད་པ་རེད། 

ཏོག་དབྱིབས་ནད་པ་གསར་པ་ཐོན་པའི་གྲངས་འབོར་དང་། སྨན་ཁང་ནང་ལྷག་པའི་ནད་པ། ད་དུང་འདས་གྲོངས་སུ་སོང་བ་སོགས་ཀྱི་ཞིབ་ཕྲ་གནས་ཚུལ་གཤམ་གྱི་དྲ་ཐག་དེ་ནས་གཟིགས་  
ཕྱི་ཟླ་ ༥ ཚེས་ ༡༣ མཚན་མོ་ཆུ་ཚོད་ ༡༡།༣༠ ནས་བཟུང་ཨོ་སི་ཊོ་ལི་ཡའི་རྒྱལ་ས་(ཁེམ་བྷེ་ར་)ཁུལ་ལ་དེབ་སྐྱེལ་བྱས་པའི་སྤྲོ་སྐྱིད་ཁང་དང་། མཚན་ཚོགས། གཞན་ཡང་འཛིན་བྱང་མི་དགོས་པའི་བྱེད་སྒོ་འདུ་འཛོམས་རིགས་ལ་ཏོག་དབྱིབས་འཚོལ་བཤེར་ཐོ་འགོད་བྱེད་དགོས་ཀྱི་མེད་པ་རེད་འདུག 

བྱང་ཀོ་རི་ཡས་ཉེ་ཆར་རེས་གཟའ་ཕུར་བུ་ཉིན་ཏོག་དབྱིབས་ནད་པ་ཐོག་མར་ཐོན་རྗེས་ཏོག་དབྱིབས་ནད་པ་ ༦ འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་འདུག གཞུང་གི་གསར་ཁང་གིས་དེ་སྔོན་ཕྱི་ཟླ་ ༤ པ་ནས་བཟུང་ཁྱོན་མི་གྲངས་ ༣༥༠༠༠༠ ཙམ་ཚ་བ་འཕར་བའི་གནས་ཚུལ་ཐོན་ཡོད་སྐོར་དང་། འདས་གྲོངས་སུ་ཕྱིན་པའི་ཏོག་དབྱིབས་ནད་པ་ ༦ ནང་གཅིག་ནི་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་ Omicron ཕོག་ནས་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་ཡོད། 

ཨ་རིའི་སྲིད་འཛིན་ཇོ་བྷའེ་ཌན་གྱིས་ཏོག་དབྱིབས་ན་ཚ་ད་དུང་ཡང་མཇུག་སྒྲིལ་མེད་ཅེས་དང་། ཁོང་གིས་ཁོང་ཚོའི་རྒྱལ་ཁབ་ནང་ཏོག་དབྱིབས་ན་ཚ་འགོས་ཁྱབ་བྱུང་བ་ནས་བཟུང་ད་བར་ཁྱོན་མི་གྲངས་ས་ཡ་ ༡ ལྷག་འདས་གྲོངས་སུ་ཕྱིན་ཡོད་སྐོར་བརྗོད་འདུག

ཉེ་ཆར་སྲིད་འཛིན་བྷ་ཌན་གྱིས་གོ་ལ་ཏོག་དབྱིབས་ལྷན་ཚོགས་ཐེངས་གཉིས་པའི་ཐོག་གསུང་བཤད་དང་། སྐབས་དེར་འཛམ་གླིང་གི་དབུ་ཁྲིད་ཚོས་ཏོག་དབྱིབས་ན་ཚ་མཇུག་སྒྲིལ་ཐབས་སྐོར་གྲོས་བསྡུར་བྱས་ཡོད་འདུག


 


 

གཤམ་གྱི་དྲ་ཐག་དེ་ནས་ཁྱེད་རང་གི་སྐད་ཡིག་ནང་ཏོག་དབྱིབས་ན་ཚ་སྐོར་གཟིགས། 



གཤམ་གྱི་མངའ་སྡེ་སོ་སོའི་ནང་གི་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག་ལ་གཟིགས།



ཏོག་དབྱིབས་སྟབས་བདེ་བརྟག་ཆས་ཐོག་ནས་ན་ཚ་འགོས་ཡོད་པ་ཤེས་རྟོགས་བྱུང་ཚེ་སོ་སོའི་མངའ་སྡེའི་མིང་གཞུང་ལྟར་ཐོ་འགོད་བྱོས། 



ཁྱེད་རང་གིས་ཨོ་སི་ཊོ་ལི་ཡའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐོག་འདི་ནས་གཟིགས། 

རྒྱལ་ཁབ་དང་ལུང་པ་གཞན་ལ་མ་འགྲོ་སྔོན་གཤམ་གྱི་དྲ་ཐག་དེ་ནས་འགྲུལ་བཞུད་སྐོར་གྱི་གནས་ཚུལ་དང་ལམ་སྟོན་ལ་གཟིགས། 

གལ་སྲིད་ཁྱེད་རང་ལ་དཔལ་འབྱོར་རོགས་རམ་དགོས་ཚེ་བདམ་ག་ཁག་ཅིག་གཤམ་གྱི་དྲ་ཐག་དེ་ནས་གཟིགས། 

ཁྱེད་རང་གི་སྐད་ཡིག་ནང་ནས་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ལ་གཟིགས། 



ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་ཆ་ཚང་ཁྱེད་རང་གི་སྐད་ཡིག་ནང་ལ་དྲ་ཐག་འདི་ནས་གཟིགས།.    


Share
Published 13 May 2022 1:43pm
Updated 13 May 2022 2:06pm


Share this with family and friends