ཨོ་སི་ཊོ་ལི་ཡའི་ཉམས་ཞིབ་པས་ཕྲུ་གུའི་ཁྲོད་ཏོག་དབྱིབས་འགོས་ཁྱབ་མགྱོག་པོ་འགྲོ་བཞིན་པའི་ཉེན་བརྡ་བཏང་འདུག

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ནང་བརྟེན་གཞི་བྱས་ཡོད་པའི་གྷར་ཝན་ལྟེ་གནས་ཁང་ Garvan Institute ཞེས་པའི་སྨན་བཅོས་ཉམས་ཞིབ་ཁང་དེས་ཤེས་རྟོགས་བྱུང་བར་ལྟར་ན། ཕྲུ་གུ་རྣམས་ཀྱི་ནད་འགོག་མ་ལག་ immune systems དེ་དག་མི་དར་མ་དང་མི་འདྲ་བར་ཏོག་དབྱིབས་ན་ཚ་གསར་པར་གོམས་འདྲིས་དང་ཤེས་རྟོགས་མེད་པའི་རྐྱེན་གྱིས། ཕྲུ་གུ་རྣམས་ལ་ཏོག་དབྱིབས་ན་ཚ་གསར་པའི་ཉེན་ཁ་ཆེ་བ་ཡོད་སྐོར་བརྗོད་འདུག

Children sitting at desks listening to teacher holding digital tablet

Primary school students in a classroom. Credit: JohnnyGreig/Getty Images

འགན་འཛིན་དང་རྩོམ་པ་པོ་དགེ་རྒན་ཆེན་མོ་ཊེར་ཧྥན་ Tri Phan ལགས་ཀྱིས་ཕྲུ་གུ་རྣམས་ལ་རིམས་འགོག་ནུས་པ་རིགས་གཉིས་ཡོད་སྐོར་བརྗོད་འདུག

དང་པོ་ནི་ལྷན་སྐྱེས་རང་བཞིན་གྱི་རིམས་འགོག

རིམས་འགོག་རིམ་པ་དང་པོ་དེ་ནི་འགོག་སྲུང་རང་བཞིན་ཞིག་ཏེ། ལུས་ཀྱི་འགལ་རྐྱེན་དཔེར་ན་པགས་པ་ཕྱི་ངོས་སྲུང་སྐྱོབ་ཀྱི་རྫས་ཡིན་པས་བྱིས་པར་འགོག་སྲུང་མ་ལག་ཀྱི་རྫས་དེ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། དེས་འཕེལ་བཞིན་པའི་རྫས་དེ་ལ་ interferon ཞེས་འབོད་ཀྱིས་ཡོད་པས་དེས་འབུ་ཕྲ་དང་ནད་དུག་སོགས་གསོད་ཀྱི་ཡོད།
སློབ་དཔོན་ཧྥན་ལགས་ཀྱིས་རྒྱ་མཚན་འདིས་རྐྱེན་པས་ཕྲུ་གུ་མང་ཆེ་བ་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་སྨན་བཅོས་བྱེད་དགོས་འཁེལ་གྱི་མེད་ལ། དེ་བཞིན་མི་རྒན་པ་ལས་ཁོང་ཚོ་དྲག་སྐྱེད་མགྱོག་བ་ཡོད་པ་རེད།
ཁོང་གིས་རང་བྱུང་གི་རིམས་འགོག་ནུས་པ་ནི་ལོ་ན་རྒས་པ་དང་བསྟུན་ནས་ཉམས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
Tri Phan.png
Professor Tri Phan. Credit: Garvan Institute of Medical Research
རིམས་འགོག་ནུས་པ་རིགས་གཉིས་པ་ནི་མཐུན་འཕྲོད་རང་བཞིན་ལྡན་པ་ཞིག་ཡིན་ཞིང་། གཙོ་བོར་ཕྲ་ཕུང་ B དང་ T ལས་གྲུབ་པ་མ་ཟད། དེས་རིམ་འགོག་རིམ་པ་དེ་པོ་དེ་ནུས་མེད་ཆགས་སྐབས་རང་བཞིན་སྲུང་སྐྱོབ་བྱེད་ཀྱི་ཡོད།

ཕྲ་ཕུང་ B ཡིས་དུག་སྲིན་འགོག་རྫས་ཐོན་སྐྱེད་བྱེད་པ་དང་། ཕྲ་ཕུང་ T ཡིས་ནད་དུག་འགོས་པའི་ཕྲ་ཕུང་གསོད་ཀྱི་ཡོད།

བྱིས་པའི་ལྷན་སྐྱེས་ཀྱི་རིམས་འགོག་མ་ལག་ཧ་ཅང་མགྱོགས་ཤིང་ནུས་ལྡན་ཡིན་པས་མགྱོགས་མྱུར་ངང་ནད་དུག་ལས་ཐར་ཐུབ། དེས་ཕྲ་ཕུང་ B དང T དེ་ཚོར་མཐུན་འཕྲོད་རང་བཞིན་གྱིས་འཕེལ་རྒྱས་འགྲོ་བའི་དུས་ཚོད་སྤྲོད་ཀྱི་མེད་ཅེས་དགེ་རྒན་ཆེན་མོ་ཧྥན་ལགས་ཀྱིས་ SBS གསར་ཁང་ལ་འགྲེལ་བརྗོད་གནང་།
When children are next exposed to COVID, their bodies don't remember the virus and treat it as a new threat
Lead author Professor Tri Phan
དགེ་རྒན་ཆེན་མོ་ཧྥན་གྱིས་ཕྲུ་གུ་རྣམས་ཡང་བསྐྱར་རིམས་ནད་འགོས་ཚེ་ན་ནས་ཉེན་ཁ་ཆེ་བ་ཡོད་པས་རྒྱུ་མཚན་གྱིས་ང་ཚོས་ཕྲུ་གུ་རྣམས་ལ་འགོག་ཁབ་རྒྱག་རྒྱུ་གལ་ཆེན་པོ་མཐོང་བའི་རྒྱུ་མཚན་དེ་རེད་ཅེས་གསུངས་འདུག

རིམས་ནད་བསྐྱར་དུ་འགོས་བས་ཉེནན་ཁ།
བྱིས་པའི་འགོས་ནད་ཆེད་མཁས་པ་དང་སྐྱེ་དངོས་ཕྲ་རབ་རིག་པའི་དགེ་རྒན་ཆེ་མོ་བྷེ་རནཌན་ Brendan McMullan ལགས་ཀྱིས་ཏོག་དབྱིབས་ནད་དུག་གསར་པ་དེ་ཚོ་ཕྲུ་གུར་བསྐྱར་དུ་འགོས་ཀྱི་ཡོད་སྐོར་བརྗོད་འདུག

ཁོང་གི་ཕྲུ་གུ་ལོ་ན་ ༥ དང་དེ་ལས་རྒན་པ་ཚང་མར་འགོག་ཁབ་རག་གི་ཡོད་པ་དང་། དེ་བཞིན་ཕྲུ་གུ་ཟླ་བ་ ༦ ནས་ལོ་ ༥ མན་གྱི་ཕྲུ་གུ་རྣམས་ལ་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལྷན་ཁང་གིས་ཡིག་ཆར་གསལ་བར་ལྟར་ན། ཏོག་དབྱིབས་ནད་ཡམས་ཁྱབ་པ་ནས་བཟུང་ཨོ་སི་ཊོ་ལི་ཡའི་ནང་ཕྲུ་གུ་ས་ཡ་ ༢་༢ ལྷག་ཙམ་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པ་དང་། དེའི་ནང་་ས་ཡ་ཕྱེད་ཀ་ཙམ་ནི་ལོ་ན་ ༥ དང་དེའི་མན་གྱི་ཕྲུ་གུ་ཡིན་ཞིང་། ཏོག་དབྱིབས་ན་ཚ་ཁྱབ་པ་ནས་བཟུང་ཕྲུ་གུ་ ༢༤ འདས་གྲོངས་སུ་ཕྱིན་ཡོད་སྐོར་གསལ་འདུག
འོན་ཀྱང་ཨོ་སི་ཊོ་ལི་ཡ་གཞུང་གིས་བསྐྱར་དུ་ན་ཚ་འགོས་པའི་མི་གྲངས་ཀྱི་གྲོངས་ཐོ་ཡིག་ཆ་ཕྱོགས་སྒྲིག་བྱས་མེད།

འོན་ཀྱང་ན་ཚ་བསྐྱར་དུ་འགོས་མིན་ནི་གཙོ་བོར་དཔེར་ན་ལོ་ཚད་དང་། སྔོན་འགོག ན་ཚའི་རིགས། དེ་བཞིན་སྒེར་གྱི་ལུང་ཟུངས་ཀྱི་འགོག་སྲུང་ནུས་པ་དང་འགོག་ཁབ་བཅས་ལ་རག་ལུས་ཡོད་པ་རེད།

ཉམས་ཞིབ་པ་ཁག་ཅིག་གིས་འགྲེལ་བརྗོད་ལྟར་ན་ SARS-CoV-2 ཞེས་པའི་ཏོག་དབྱིབས་ན་ཚ་རིགས་དེ་མི་དར་མ་ལས་ཕྲུ་གུ་རྣམས་ལ་ཉེན་ཁ་ཆུང་བ་ཡོད་སྐོར་ཡང་བརྗོད་ཡོད་པ་རེད།

འོན་ཀྱང་ད་དུང་ལོ་ན་མི་འདྲ་བར་ཏོག་དབྱིབས་ན་ཚ་བསྐྱར་དུ་འགོས་མིན་གྱི་ལོ་ཚད་ཁྱད་པ་ཡོད་མེད་དང་། རིམས་འགོག་ནུས་པ་ཉམས་པའི་རྒྱུ་རྐྱེན། ནད་འབུ་འཁོར་རྒྱུགས་བྱེད་སྟངས་སོགས་ད་དུང་མུ་མཐུད་ཞིབ་འཇུག་ཚད་ལྡན་དགོས་ཀྱི་ཡོད་པ་རེད།

ཉམས་ཞིབ་གསར་པ་ཞིག་གི་གྲུབ་དོན་ཇཱ་མཱ་འབྲེལ་མཐུད་ཁང་ JAMA Network གི་དྲ་ཚིགས་ཐོག་ཡོངས་གྲགས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༨ པ་ནས་ཕྱི་ལོ་ ༢༠༢༢ ཟླ་ ༧ པ་བར་ཨ་རིའི་ནང་ཏོག་དབྱིབས་ན་ཚ་ནི་ཕྲུ་གུའི་ཤི་རྐྱེན་གཙོ་བོ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

ཨ་རིའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཁྱོན་མི་གྲངས་ ༩༤༠༠༠༠ འདས་གྲོངས་སུ་ཕྱིན་ཡོད་པའི་ནང་མི་གྲངས་ ༡༣༠༠ ནི་ཕྲུ་གུ་དང་ལོ་ན་ ༠ ནས་ ༡༩ བར་ཆགས་ཀྱི་ཡོད་འདུག

ཕ་མས་ལྷོད་གཡེང་།  

དགེ་རྒན་ཆེན་མོ་ཧྥན་གྱིས་རྒྱུན་དུ་ཏོག་དབྱིབས་ནད་དུག་དེ་ཕྲུ་གུ་རྣམས་ལ་ནད་རྟགས་ཉུང་བ་དང་དྲག་སྐྱེད་ཅུང་མགྱོག་བ་ཡོད་པའི་རྒྱུ་མཚན་གྱིས་ཕ་མ་རྣམས་ལྷོད་གཡེང་ཤོར་གྱི་ཡོད་ཅེས་དང་། འཕྲོད་བསྟེན་ལྷན་ཁང་གི་ཡིག་ཆ་གསར་ཤོས་ལྟར་ན། ལོ་ན་ ༥ ནས་ ༡༥ བར་གྱི་ཕྲུ་གུ་བརྒྱ་ཆ་ ༥༡ ཙམ་ཁོ་ན་ལ་འགོག་ཁབ་ ༢ རེ་ལས་རག་མེད་སྐོར་གསལ་འདུག
དགེ་རྒན་ཆེན་མོ་ཧྥན་ལགས་ཀྱིས་ཕྲུ་གུ་རྣམས་ཏོག་དབྱིབས་ན་ཚ་ལས་སྲུང་སྐྱོབ་དང་། སྨན་ཁང་ནང་འགྲོ་མི་དགོས་པར་ཁོང་ཚོའི་ནད་འགོག་ནུས་པ་གོང་མཐོར་གཏོང་བའི་ཐབས་ལམ་ཡག་ཤོས་ནི་འགོག་ཁབ་རྒྱག་རྒྱུ་དེ་རེད་ཅེས་གསུངས་འདུག

SBS གསར་ཁང་གི་རིག་གཞུང་དང་སྐད་ཡིག་སྣ་ཚོགས་ཀྱི་རྒྱབ་ལྗོངས་ལྡན་པའི་སྤྱི་ཚོགས་ཁག་ལ་ཏོག་དབྱིབས་ཀྱི་གནས་ཚུལ་ཁག་མཁོ་སྤྲོད་དང་། གསར་ཁང་གི་དྲ་ཚིགས་ཐོག་སྤེལ་གྱི་ཡོད་པས་མ་ཚད། ཏོག་དབྱིབས་ན་ཚ་ལས་བདེ་འཇགས་དང་གནས་ཚུལ་གསར་པ་ཁག་ཤེས་རྟོགས་ཡོང་བར་ SBS གསར་ཁང་གི་དྲ་ཚིགས་ཐོག་ཏོག་དབྱིབས་སྐོར་གནས་ཚུལ་ཁག་ཁྱེད་རང་གི་སྐད་ཡིག་ནང་དུས་ནས་དུས་སུ་སྤེལ་བཞིན་ཡོད།

Share
Published 7 February 2023 9:40pm
Updated 8 February 2023 2:20pm
By Sahil Makkar
Source: SBS


Share this with family and friends