ཏོག་དབྱིབས་ནད་ཡམས་སྐབས་སུ་ཚོང་ལས་ཉོ་བ།

ཏོག་དབྱིབས་ནད་ཡམས་དེས་ཚོང་ལས་ཁག་ལ་གཡོལ་འགུལ་ཆེན་པོ་བཟོས་ཡོད་པ་དང་། སྦྱིན་བདག་རྣམས་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་དུས་སྐབས་འདིར་ཚོང་ལས་ཤིག་ཉོ་རྒྱུའི་དུས་ཚོད་ཡག་ཤོས་ཤིག་ཆགས་ཡོད་དམ། ཁག་ཅིག་གིས་འགྲེལ་བརྗོད་ལྟར་ན་དུས་སྐབས་འདི་ནི་ཐབས་བྱུས་དང་། འཆར་གཞི་མ་ནོར་བ་བྱས་ན་གོང་ཁེ་པོའི་ཐོག་ཚོང་ལས་ཉོ་ཐུབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

Open for business

Open for business Source: Getty Images/mixetto

ཚོང་ལས་ཆུང་ཁག་ནི་ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་གྱི་རྒྱབ་བརྟེན་གཙོ་བོར་ཆགས་ཡོད་པ་དང་རྒྱལ་ནང་གི་དཔལ་འབྱོར་གྱི་ཡོངས་ཁུངས་བརྒྱ་ཆ་ ༣༥ ཟིན་ཡོད། དེ་བཞིན་ཚོང་ལས་ཆུང་ཁག་དང་ཁྱིམ་ཚང་གི་ལས་གཞི་ ཞེས་པའི་ཚོགས་པས་ཕྱི་ལོ་ ༢༠༡༩ ལོར་སྙན་ཐོ་བཏོན་པར་ལྟར་ན། ཚོང་ལས་ཆུང་ཁག་ནི་ཨོ་སི་ཊོ་ལི་ཡའི་ནང་ལས་ཀ་བསྐྲུན་མཁན་གྱི་བརྒྱ་ཆ་ ༥༠ ཟིན་ཡོད་སྐོར་འགྲེལ་བརྗོད་གནང་འདུག 

འོན་ཀྱང་སྤྱི་ཚོགས་ནང་ནད་ཡམས་ཁྱབ་བརྡལ་གྱིས་རྐྱེན་པས་ཚོང་ལས་མར་བརྡིབ་བཞིན་ཡོད་པ་དང་། དམིགས་བསལ་ཝི་ཊོ་རི་ཡ་མངའ་སྡེའི་ནང་དཀའ་ཁག་ཆེན་པོ་འཕྲད་བཞིན་ཡོད་པ་རེད། 

ཕེ་ཊར་སི་ཊོང་ Peter Strong ལགས་ནི་ཚོང་ལས་ཆུང་ཁག་གི་གཏུགས་བཤེར་སློབ་སྟོན་ཚོགས་པ་ () ཡི་ཚོགས་གཙོ་ཡིན་ཞིང་། ཁོང་གིས་ནད་ཡམས་དེས་སྟབས་མ་ལེགས་པ་ཤིག་ལ་གོང་ཆགས་སྒུག་མཁན་ཚོ་ལ་ཚོང་ར་བསྐྲུན་པ་ཞིག་རེད། འོན་ཀྱང་ཉོ་མཁན་ཚོས་ཐག་གཅོད་གང་ཡང་མ་བྱས་སྔོན་ནས་དཀའ་ལས་རྒྱག་དགོས་སྐོར་འགྲེལ་བརྗོད་གནང་འདུག
Lone shopper
Source: AAP Image/AP Photo/Asanka Brendon Ratnayake

ཁོང་གིས་ཐོག་མར་ཁྱེད་རང་གིས་བལྟ་བཞིན་པའི་ཚོང་ལས་དེ་འཚོ་གནས་ཐུབ་པ་ཞིག་ཡིན་མིན་དང་། དེ་ནས་ཚོང་ལས་དེའི་ངོ་བོ་དག་མ་ཞིག་ཡིན་མིན་བརྟག་དགོས་པ་ཡིན། དེ་བཞིན་ཁྱེད་རང་ཆེད་ལས་རྩིས་པ་རྩར་འགྲོ་ནས་ཁྱེད་རང་གི་མིག་འདུན་དུ་མཐོང་བཞིན་པའི་ཚོང་ལས་དེའི་གོང་ཚད་ཚད་ལྡན་དང་དོན་ལ་གནས་པ་ཞིག་ཡིན་མིན་སྐད་ཆ་འདྲི་དགོས།  

ད་དུང་ཁོང་གིས་རྩིས་པས་སྤྱི་ཡོངས་ཀྱི་གོང་ཚད་ཚད་ལྡན་ཡིན་པ་ཁས་ལེན་གནང་ཡོད་ཀྱང་ད་དུང་ཁྱེད་རང་གི་བརྟག་དཔྱད་བྱེད་དགོས་པ་ཡིན། ཉོ་མཁན་ཚོས་ཁང་གླ་དང་ཁང་པའི་སྦྱིན་བདག་གཉིས་ལ་དམིགས་བསལ་དོ་སྣང་སྤྲད་དགོས་པ་ཡིན། གལ་སྲིད་ཁང་བདག་དེ་ཁང་བདག་ཆེན་པོ་ཞིག་ཡིན་ཚེ་དཀའ་ངལ་སྐབས་སུ་སྟངས་འཛིན་ཇི་ལྟར་བྱེད་མིན་ལ་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་ཡིན། 

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེ་ Western Australia ལ་མཚོན་ན། ཚོང་ལས་ཆུང་ཁག་ནི་མངའ་སྡེའི་སྤྱི་ཡོངས་དཔལ་འབྱོར་གྱི་ཡོངས་ཁུངས་བཞི་ཆ་གཅིག་ཟིན་ཡོད་པ་དང་། ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ཚོང་ལས་ཆུང་ཁག་ཡར་རྒྱས་མཉ་འབྲེལ་  ཞེས་པས་དྲ་ལམ་དང་ཁ་པར་ནས་རིན་མེད་ཐོག་མངའ་སྡེ་ནང་གི་ཚོང་ལས་ཆུང་ཁག་ལ་ལམ་སྟོན་གནང་བཞིན་ཡོད་འདུག 

ཚོང་ལས་ལམ་སྟོན་ཞབས་ཞུ་ཁང་གི་ལས་འཆར་འགན་འཛིན་ལི་སཱ་ Lisa Legena ལགས་ཀྱིས་ཚོང་ལས་སྐོར་ལམ་སྟོན་ཞུ་མཁན་མང་ཆེ་བ་ནི་གཞིས་སྤོ་བ་དེ་ཚོ་རེད་འདུག ཁོང་ཚོ་ནི་ཏོག་དབྱིབས་ནད་ཡམས་སྐབས་སུ་ཚོང་ལས་ཐད་སེམས་འཚབ་ཡོང་གི་ཡོད་པ་རེད་འདུག་ཟེར།

ཁོ་མོས་ད་དུང་གལ་སྲིད་བདུན་ཕྲག་འགའ་ཤས་རིང་བཙན་ཤེད་ཀྱིས་ཚོང་ལས་སྒོ་རྒྱག་དགོས་བྱུང་ཚེ་ངེས་པར་དུ་དྲ་ལམ་ལ་བརྟེན་ནས་ཚོང་ལས་གཉེར་ཐབས་བྱ་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
Buying a business during Covid-19
Inspecting business Source: Getty Images/DragonImages

 ཕེ་ཊར་སི་ཊོང་ Peter Strong ལགས་ཀྱིས་ཚོང་ལས་ཆུང་ཁག་གི་བདག་པོ་དེ་ཚོ་ཚོང་ལས་ཤིག་ཉོ་རྒྱུའི་གདེང་ཚོད་ཚད་བརྒལ་སླེབས་བཞིན་འདུག་ཀྱང་། ད་ལྟའི་ཁོར་ཡུག་འདིའི་ནང་སེམས་ཚོར་གཅིག་པུར་བརྟེན་ནས་དབྱེ་ཞིབ་བྱ་རྒྱུ་མེད། 

མ་འོངས་པར་ག་རེ་ཡོང་ས་རེད་བལྟ་དགོས་པ་རེད། གལ་སྲིད་བཀག་བསྡོམས་བྱས་ནས་དུས་ཡུན་ཟླ་བ་གཉིས་རིང་ཅ་དངོས་ཉོ་མཁན་མ་བྱུང་ཚེ་ཚོང་ལས་དེ་གནས་ཐུབ་ཀྱི་རེད་དམ་ཟེར། 

ཚོང་ལས་ཤིག་འགོ་གང་འདྲ་བྱེད་ནས་འཛུགས་དགོས་མིན་སྐོར་གནས་ཚུལ་ཞིབ་ཕྲ་ཨོ་སོ་ཊོ་ལི་ཡ་ཚོང་ལས་ཆུང་ཁག་དང་ཁྱིམ་ཚང་གི་ལས་གཞིའི་ཚོགས་པ་ Australian Small Business and Family Enterprise Ombudsman ལ་འབྲེལ་བ་གནང་དགོས་པ་དང་། འབྲེལ་གཏུགས་ཁ་པར་ 1300 650 460 དང་རྒྱལ་ཡོངས་སུ་རེས་གཟའ་ཟླ་བ་ནས་པ་སངས་བར་སྔ་དྲོ་ཆུ་ཚོད་ 8 ནས་པ་དགོང་མོ་ཆུ་ཚོད་  8pm བར་འབྲེལ་བ་གནང་ཆོག


Share
Published 28 August 2020 10:00am
Updated 28 August 2020 10:50am
By Amy Chien-Yu Wang


Share this with family and friends