ཨོ་སི་ཊོ་ལི་ཡའི་ནང་མངའ་སྡེ་དང་ས་ཁུལ་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་གྲངས་ཚད་མཐོ་པོར་སླེབས་རྗེས་རྒྱལ་སྤྱིའི་འགྲིམ་འགྲུལ་སླར་ཡང་འགོ་འཛུགས་བྱ་འཆར་དང་། ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་དམ་བསྒྲགས་ཁག་རིམ་བཞིན་ལྷོད་དུ་གཏོང་བཞིན་ཡོད་པ་རེད།
འོན་ཀྱང་ཏོག་དབྱིབས་ན་ཚ་གསར་པ་ཌལ་ཊ་ Delta དང་ཨོ་མེ་ཁོ་རོན་ Omicron འགོས་ཁྱབ་ཤུགས་ཆེར་འགྲོ་བཞིན་པར་བརྟེན། ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་འགོ་ཁྲིད་ཚོས་ན་ཚ་དེ་ཚོ་སྔོན་འགོག་རླབས་ཆེན་བྱེད་མཁན་བྷོ་སི་ཊར་ Booster སྨན་ཁབ་དེ་རྒྱག་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་འདུག
སྨན་ཁབ་ཚན་རྩལ་ཏོག་ནས་བྷོ་སི་ཊར་སྨན་ཁབ་དེ་བཞིན་འགོག་ཁབ་དང་པོ་དང་གཉིས་པ་གཉིས་དང་གཅིག་མཚུངས་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ཉེ་ཆར་ཕྱི་ཟླ་ ༡༢ པའི་ནང་ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལྷན་ཁང་གི་དྲུང་ཆེ་བྷ་རན་ཌན་མུར་ཕའེ་ Brendan Murphy ལགས་་ཀྱིས་བྷོ་སི་ཊར་ Boosters སྨན་ཁབ་དེ་དག་སྔོན་འགོག་ལ་ཧ་ཅང་གལ་པོ་ཡིན་པས་མ་ཚད། ལྷག་པར་དུ་འཛམ་གླིང་ཁྱོན་ལ་ཁྱབ་བཞིན་པའི་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་ Omicron སྔོན་འགོག་ལ་ཕན་ཐོགས་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་འདུག
བྷོ་སི་ཊར་ Booster འགོག་ཁབ་ལས་འགུལ།
ཕྱི་ཟླ་ ༡༢ པའི་ཟླ་འགོར་ཨོ་སི་ཊོ་ལི་ཡའི་ཕི་ཌི་རལ་གཞུང་འཛིན་ཚོགས་པའི་འཕྲོད་བསྟེན་བློན་ཆེན་གྷིར་ཧང་ཊི་ Greg Hunt མཆོག་གིས་དུས་ཆེན་ཁག་མ་སླེབས་གོང་རྒྱལ་ཡོངས་སུ་བྷོ་སི་ཊར་ Booster འགོག་ཁབ་འགོ་འཛུགས་ཀྱིས་ཨོ་སི་ཊོ་ལི་ཡའི་མི་རྣམས་ཀྱིས་ཛ་དྲག་ཐོག་བྷོ་སི་ཊར་འགོག་ཁབ་རྒྱག་དགོས་པའི་འབོད་སྐུལ་དང་། འགོག་ཁབ་ཐེངས་གཉིས་རག་ཚར་བའི་མི་མང་པོ་ཞིག་ཀྱང་ཨོ་མེ་ཁོ་རོན་ Omicron ན་ཚད་དེ་ཚད་ངེས་ཅན་ཞིག་མ་གཏོགས་བཀག་འགོག་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་འགོག་ཁབ་སྐོར་ཚན་རྩལ་སློབ་སྟོན་ཚོགས་ཆུང་ ATAGI ཡིས་བྷོ་སི་ཊར་སྨན་ཁབ་དེ་བཞིན་དེ་སྔོན་ཏོག་དབྱིབས་འགོག་ཁབ་སྔ་ཕྱི་གཉིས་བརྒྱབ་ཚར་ནས་ཟླ་བ་ ༦ རྗེས་ནས་ཟླ་བ་ ༥ བར་རྒྱག་དགོས་སྐོར་ཉམ་ཞིབ་གྲུབ་དོན་རྙེད་ཡོད་འདུག
ད་ལྟའི་ཆར་ཨོ་སི་ཊོ་ལི་ཡའི་མི་གྲངས་ས་ཡ་ ༡་༥ ཙམ་ལ་ལམ་སང་བྷོ་སི་ཊར་ Booster འགོག་ཁབ་དེ་རག་གི་ཡོད་འདུག
ཨོ་སི་ཊོ་ལི་ཡའི་འགོག་ཁབ་སྐོར་ཚན་རྩལ་སློབ་སྟོན་ཚོགས་ཆུང་གིས་ ATAGI མོ་ཌེ་ནཱ་ Moderna འགོག་ཁབ་དེ་ཡང་ཕི་ཛར་ Pfizer འགོག་ཁབ་དང་མཉམ་དུ་བྷོ་སི་ཊར་ Booster འགོག་ཁབ་ལག་ལེན་ནང་སྤྱོད་ཆོག་གི་ཡོད་སྐོར་བརྗོད་འདུག
མི་གང་མང་ཞིག་གི་འགོག་ཁབ་འཕར་མ་དེ་རྒྱག་ཆེད་དབུས་གཞུང་དང་མངའ་སྡེ་གཞུང་སོ་སོ་ནས་ཨོ་སི་ཊོ་ལི་ཡའི་ནང་བྷོ་སི་ཊར་འགོག་ཁབ་ཆེད་ལས་འགུལ་མང་པོ་ཞིག་སྤེལ་བཞིན་པ་རེད་འདུག
ལོ་ན་རྒན་པ་རྣམས་ལ་འགོག་ཁབ་བྷུ་སི་ཊར།
གཞུང་གི་སློབ་སྟོན་པ་ཚོས་ལོ་ན་ ༧༠ དང་དེའི་ཡན་གྱི་རྒན་རྒོན་དང་ལོ་ན་ ༦༥ དང་དེའི་ཡན་འཕྲོད་བསྟེན་གྱི་དཀའ་ངལ་ཡོད་མཁན། གཟུགས་པོར་ནད་འགོག་ནུས་པ་སྐྱོ་པོ་ཡིན་མཁན་དང་། གཞན་ཡང་ཨོ་སི་ཊོ་ལི་ཡའི་གདོད་མའི་མི་རིགས་ཨ་བྷོ་རི་ཇི་ནར་དང་ཐོ་རི་སི་གླིང་ཕྲན་གྱི་མི་རིགས་ལོ་ན་ ༥༠ དང་དེའི་སྒང་བཅས་ལ་འགོས་ཁྱབ་འགྲོ་བཞིན་པའི་ཏོག་དབྱིབས་ན་ཚ་འདིས་ཉེན་ཁ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་འདུག
ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་ལྷན་ཁང་གི་ཕྱི་ལོ་ ༢༠༢༠ ཟླ་ ༡ པོ་ནས་བཟུང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་རྒན་རྒོན་གྲངས་ ༡༩༡༠ འདས་གྲོངས་སུ་ཕྱིན་ཡོད་སྐོར་གསལ་འདུག

PM Scott Morrison received his COVID-19 booster vaccination alongside Jane Malysiak in NSW. Source: SMH POOL
ཏོག་དབྱིབས་ན་ཚ་ཌིལ་ཊ་ Delta དང་ཨོ་མེ་ཁོ་རོན་ Omicron གཉིས་ནི་དམིགས་བསལ་ཉེན་ཁ་ཆེན་པོ་ཡོད་པའི་ངོས་འཛིན་དང་། འགོག་ཁབ་ཁག་གིས་ན་ཚ་དེ་དག་གི་གནོད་འཚེ་ཆུང་དུ་གཏོང་བའམ་འཆི་སྐྱོན་ལས་སྲུང་སྐྱོབ་ངེས་ཅན་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་སུ་ལོ་ན་རྒན་པ་རྣམས་ལ་བྷོ་སི་ཊར་སྨན་ཁབ་ Booster བང་རིམ་དང་པོའི་གྲས་ཐོབ་རྒྱུ་ཡིན་སྐོར་གསལ་འདུག
ཨོ་སི་ཊོ་ལི་ཡའི་ནང་ལོ་ན་ ༡༨ ལས་བརྒལ་བ་རྣམས་ལ་བྷོ་སི་ཊར་གྱི་འགོག་ཁབ་ཀྱང་རྒྱག་ཆོག་པར་གཞུང་གིས་ཆོག་མཆན་སྤྲད་ཚར་ཡོད་འདུག
རྒན་གསོ་ཁང་ཁག་གི་ནང་གནས་སྡོད་བྱེད་མཁན་རྣམས་ལ་ཏོག་དབྱིབས་འགོག་ཁབ་བྷོ་སི་ཊར་དེ་བཞིན་ཀོ་མོན་ཝལ་ཐི་ Commonwealth སྨན་བཅོས་ལྟེ་གནས་ཁང་ཁག་ནས་རག་གི་ཡོད་འདུག
རྒན་གསོ་ཁང་ཁག་གི་ནང་གནས་སྡོད་བྱེད་མཁན་རྣམས་ལ་འགོག་ཁབ་གང་ནས་རག་གི་ཡོད་མེད་དྲ་ཐག་ འདི་ནས་གཟིགས་རོགས། དེ་བཞིན་འགོག་ཁབ་ཐོ་འགོད་ཆེད་དྲ་ཐག་ འདི་ནས་བསྐྱོད་རོགས།

Vaccinating children can help reduce community transmission and prevent them passing the virus onto the wider community. Source: Getty Images
ཕྲུ་གུ་རྣམས་ལ་འགོག་ཁབ།
གསོ་བཅོས་དངོས་རྫས་འཛིན་སྐྱོང་ཁང་ ATA དང་ཨོ་སི་ཊོ་ལི་ཡའི་སྔོན་འགོག་སྨན་ཁབ་ཀྱི་ཁྱད་མཁས་སློབ་སྟོན་ཚོགས་ཆུང་ ATAGI བཅས་ནས་ཕི་ཛར་ Pfizer འགོག་ཁབ་དེ་ཕྲུ་གུ་ལོ་ན་ ༥ ནས་ ༡༡ བར་ལ་རྒྱག་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད།
ཨོ་སི་ཊོ་ལི་ཡའི་སྔོན་འགོག་སྨན་ཁབ་ཀྱི་ཁྱད་མཁས་སློབ་སྟོན་ཚོགས་ཆུང་ ATAGI གིས་ཆོག་མཆན་དག་འབུལ་དེ་ནི་ཉེ་བའི་ཆར་སྨན་ཁང་ཁག་གིས་ཚོད་ལྟ་གྲུབ་འབྲས་ལ་གཞིར་བཅོལ་བ་ཞིག་དང་དེ་ཡང་ཕན་ནུས་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་བས་མ་ཟད་ཟུར་གནོད་རིགས་བྱུང་མེད་སྐོར་བསྒྲགས་གཏམ་ནང་བཀོད་ཡོད་པ་རེད།
དྲ་ཐག་འདི་ནས་སྨན་ཁབ་ཐོ་འགོད་དང་ གནང་ཆོག་གི་ཡོད་པ་དང་། སྨན་ཁབ་དངོས་སུ་ལག་བསྟར་ནི་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༡༠ ནས་འགོ་འཛུགས་གནང་རྒྱུ་ཡིན་པ་རེད།
སྨན་ཁབ་དེ་དག་སྤྱི་ཡོངས་བརྟག་དཔྱད་བྱེད་མཁན་སྨན་པ་ GPs དང་ཨ་བྷོ་རི་ཇི་ནལ་གྱི་འཕྲོད་བསྟེན་ཞབས་ཞུ་ཁག ས་གནས་ཀྱི་སྨན་ཚོང་ཁང་ཁག མངའ་སྡེ་དང་ས་ཁུལ་སོ་སོའི་སྨན་བཅོས་ཁང་ཁག་བཅས་ཀྱི་བརྒྱུད་ནས་རག་གི་ཡོད་པ་རེད།
ངས་རོགས་རམ་མང་བ་གང་དུ་འཚོལ་དགོས་སམ།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་ Omicron གསལ་བསྒྲགས་བྱས་རྗེས། ཨོ་སི་ཊོ་ལི་ཡ་གཞུང་གིས་འགོག་ཁབ་འཕར་མ་ Booster རྒྱག་དགོས་པའི་གོ་རྟོགས་སྤེལ་རྒྱུ་འབད་བརྩོན་གནང་ཡོད། 

Booster doses provide an added layer of protection. Source: AAPAAP Image/Bianca De Marchi
བྷོ་སི་ཊར་ Booster སྨན་ཁབ་དེ་ནི་དེ་སྔོན་ཏོག་དབྱིབས་འགོག་ཁབ་སྔ་ཕྱི་གཉིས་བརྒྱབ་ནས་དུས་ཡུན་ཟླ་བ་ ༥ ཡི་རྗེས་སུ་རྒྱག་ན་འགྲིག་གི་ཡོད་པ་དང་། དེ་སྔོན་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་ཟླ་དུས་ཚེས་གྲངས་དེ་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་ལག་འཁྱེར་ Vaccination Certificate ཐོག་ལ་བཀོད་ཡོད་པ་རེད།
ཕྲུ་གུར་འགོག་ཁབ་ཐེ་བའི་འགོག་ཁབ་ཚང་མ་ཕྱི་ཟླ་ ༡༢ ཚེས་ ༡༥ ནས་བཟུང་ཏེ་ཐོ་འགོད་བྱེད་ཆོག་གི་ཡོད་པ་དང་། ཞིབ་ཕྲ་གནས་ཚུལ་གཤམ་གྱི་དྲ་ཐག་དེ་ནས་གཟིགས་རོགས། .
ཁྱེད་རང་གི་མངའ་སྡེའི་ནང་དམ་བསྒྲགས་ཁག་གི་སྐོར་གནས་ཚུལ་གསར་ཤོས་བསྣན་པ་གཤམ་གྱི་དྲ་ཐིག་དེ་ནས་གཟིགས་རོགས།
ཏོག་དབྱིབས་ན་ཚ་སྐོར་གྱི་གནས་ཚུལ་ཤེས་པར་ཁྱེད་རང་གི་སྐད་ཡིག་ནང་སྐད་སྒྱུར་དགོས་ཚེ་ཨོ་སི་ཊོ་ལི་ཡའི་ཡིག་སྒྱུར་དང་སྐད་སྒྱུར་ཞབས་ཞུ་ ཞེས་པའི་དྲ་ཚིགས་དེ་ནས་འབྲེལ་བ་གནང་བའམ་ཡང་ན་ཁ་པར་ཨང་གྲངས་1800 131 450 འདིའི་ཐོག་ནས་འབྲེལ་བ་གནང་དགོས།
ཏོག་དབྱིབས་འགོག་ཁབ་སྐོར་དང་འགོག་ཁབ་ཐོ་འགོད་ཆེད་རྒྱལ་ཡོངས་སུ་ཏོག་དབྱིབས་ན་ཚའི་སྐོར་རོགས་རམ་ཞབས་ཞུའི་ཁ་པར་ཨང་གྲངས་ 800 020 080 ཡིན།
ཏོག་དབྱིབས་ན་ཚ་སྐོར་གནས་ཚུལ་དེ་ལས་མང་བ་ཤེས་འདོད་ཡོད་ཚེ་ཁྱེད་རང་གི་རྒྱུན་དུ་བསྟེན་སའི་སྨན་པ་དང་ཡང་ན་འཕྲོད་བསྟེན་ཆེད་མཁས་པར་འབྲེལ་བ་གནང་དགོས།
ཏོག་དབྱིབས་འགོག་ཁབ་སྐོར་དང་ཏོག་དབྱིབས་ན་ཚ་སྐོར་གནས་ཚུལ་གསར་ཤོས་ཤེས་རྟོགས་བྱ་འདོད་ཡོད་ཚེ་ཁྱེད་རང་གི་སྐད་ཡིག་ནང་ SBS གསར་ཁང་གི་དྲ་ཚིགས་ ལ་ཕེབས་རོགས།